国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月09日

ཆབ་མདོ་གྲོང་ཁྱེར་གྱིས་སྐོར་སྐྱོད་གླ་འཁོར་གྱི་ཚོགས་སྤྱིའི་ཁེ་ཕན་གྱི་ཚོགས་འདུས་ཟིང་སློང་ཁྲིམས་ལྟར་ཐག་གཅོད་པའི་ཆེད་དོན་བྱ་སྤྱོད་ཀྱི་ཕྱོགས་བསྡོམས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱིས་སྐོར་སྐྱོད་གླ་འཁོར་གྱི་ཚོགས་སྤྱིའི་ཁེ་ཕན་གྱི་ཚོགས་འདུས་ཟིང་སློང་ཁྲིམས་ལྟར་ཐག་གཅོད་པའི་ཆེད་དོན་བྱ་སྤྱོད་ཀྱི་ཕྱོགས་བསྡོམས་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བརྙན་ཐུང་ལ་གཟིགས་པ་དང་། ཆེད་དོན་བྱ་སྤྱོད་ཀྱི་ལས་དོན་གྲུབ་འབྲས་སྙན་ཞུར་གསན་པ། སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་ཡོད་པ་རེད།

ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཆེད་དོན་བྱ་སྤྱོད་ནང་དཀའ་སྤྱད་འབད་འཐབ་བྱེད་མཁན་གྱི་བློ་མཐུན་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་། ཆེད་དོན་བྱ་སྤྱོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་ཁག་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་ན་ནིང་ནས་བཟུང་། གྲོང་ཨུད་ཀྱིས་བློ་ཐག་རྦད་ཆོད་དང་ཐབས་ཇུས་ཐག་གཅོད། རྡུང་རྡེག་ཕར་རྒོལ་བཅས་བྱས་ཏེ། སྐོར་སྐྱོད་གླ་འཁོར་གྱི་ཚོགས་སྤྱིའི་ཁེ་ཕན་གྱི་ཚོགས་འདུས་ཟིང་སློང་གནད་དོན་ལ་ཁྲིམས་ལྟར་ཐག་བཅད་པས་ལས་རིགས་ཀྱི་བཙོག་ཟིང་རྣམ་པ་རྩ་ནས་མེད་པར་བཟོས་པ་དང་། ཁྲོམ་ར་ཕྱོགས་ཡོངས་ནས་སྒོ་ཕྱེས་ཏེ་སྤྱི་ཚོགས་རྣམ་པ་རྒྱུན་མཐུད་ཀྱིས་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ལྡན་ངང་སྲུང་སྐྱོབ་ཐུབ་པ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་ཐོབ་ཡོད་ཅེས་གསུངས།

ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དེ་བཞིན་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) ལག་བསྟར་གཏིང་ཟབ་བྱེད་པ་དང་། ཉེན་ཚབས་འདུ་ཤེས་ཤུགས་སྣོན་རྒྱག་པ་དང་། མཐའ་ཚད་ཀྱི་བསམ་གཞིགས་ཆེ་རུ་གཏོང་བ། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཁྲིམས་ལྟར་གྲོང་སྐྱོང་བྱ་རྒྱུ་དེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་མངོན་པ། ཁྲིམས་ལྟར་བཅོས་སྐྱོང་དང་ཁྲིམས་སྐྱོང་སློབ་གསོ་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུར་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྲུན་གྱི་ཕན་འབྲས་གསར་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་ཀྱི་རྣམ་པ་གསར་པའི་ཐོག་ནས“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ་ཡིན་པའི”གཟི་བརྗིད་དང་མཚན་སྙན་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།