国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月09日

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག》བཀྲམ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་ལས་དོན་ལས་ཁུངས་ཀྱི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་ལ་ལག་ལེན་ནན་ཏན་བསྟར་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་བསྟན་དོན། 《སྲོལ་ཡིག》བཟོ་བཅོས་རྒྱག་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བ་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་ཀྱི་གྲུབ་འབྲས་བརྟན་དུ་གཏོང་བ། ཏང་གི་ལས་དོན་ལས་ཁུངས་ལ་ཆབ་སྲིད་ཀྱི་བླང་བྱ་འདོན་ཤུགས་སྔར་བས་ཆེ་རུ་གཏོང་བ། ཏང་གི་ལས་དོན་ལས་ཁུངས་འཛུགས་པ་དང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ཏང་གི་ལས་དོན་ལས་ཁུངས་ཀྱི་འགན་སྒྲུབ་ནུས་པ་ཆེ་རུ་དང་ལས་ཀའི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།

བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་ཀྱིས《སྲོལ་ཡིག》ལག་བསྟར་བྱེད་མཁན་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དྲིལ་བསྒྲགས་གསལ་འགྲེལ་དང་ཞིབ་བཤེར་ལྟ་སྐུལ་ལ་དམ་འཛིན་ཡག་པོ་བྱས་ཏེ། 《སྲོལ་ཡིག》གི་གཏན་འབེབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ཏང་གི་རིམ་ཁག་ལས་དོན་ལས་ཁུངས་ཀྱིས《སྲོལ་ཡིག》ལག་ལེན་གཏིང་ཟབ་བསྟར་བ་དང་། 《སྲོལ་ཡིག》གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ལས་ཁུངས་ཀྱི་ངེས་གནས་མཐའ་འཁྱོངས་དང་། ལག་བསྟར་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ། ཏང་ཨུད་ཀྱི་ཇུས་འདོན་ལས་རོགས་པ་ཡག་པོ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་ལག་བསྟར་དོན་འཁྱོལ་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་གི་བྱ་གཞག་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་འཁྲི་ཁག་ཏན་ཏིག་ཁུར་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་ལེན་བསྟར་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས།

《སྲོལ་ཡིག》ལ་ཁྱོན་ས་བཅད་དྲུག་དང་དོན་ཚན་སོ་གཉིས་ཡོད་ཅིང་། ཁྱབ་བསྒྲགས་བྱས་ཉིན་ནས་ལག་ལེན་བསྟར་རྒྱུ་རེད།