འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་ཉིང་ལག་རུ་ཁག་གིས་ཇ་རྟ་ཐང་ཆེན་དུ“ཡ་རབས་འགྲིམ་འགྲུལ། གནམ་འོག་གུས་ཞབས། ”ཞེས་པ་བརྗོད་དོན་གཙོ་བོའི“122རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་ཐེངས14སྤེལ་བ་དང་། དེའི་དམིགས་ཡུལ་ནི་འགྲོ་ལམ་དང་འགྲིམ་འགྲུལ་གྱི་བདེ་འཇགས་སྲུང་རགས་བརྟན་པོ་འཛུགས་པ་དང་། དམངས་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཆེ་རུ་བཏང་ནས་ཡ་རབས་འགྲོ་སྐྱོད་འདུ་ཤེས་མི་སེམས་ལ་འཇགས་པར་བྱ་རྒྱུ་དེ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ཤའེ་ཝུན་ཀོང་དང་། ཧྲེ་ཀྲང་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ཉི་མ་ཚེ་རིང་བྱེད་སྒོ་ནང་ཞུགས་ཡོད།
བྱེད་སྒོ་ནང་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་ཤིང་། 《ལྷ་མོའི་ཟློས་གར》ཞེས་པས་འཁྲབ་སྟོན་གྱི་འགོ་བཙུགས་པ་དང་། རྐྱང་གཞས《སེང་ལྕམ་འབྲུག་མོ》ཞབས་བྲོ《གསར་རྙིང་བསྡུར་བ》ཞེས་པ་སོགས་ཕུན་སུམ་ཚོགས་པའི་ལེ་ཚན7རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་ལ་བརྟེན་ནས་ས་གནས་ས་ཐོག་གི་ལྟད་མོ་བས་དགའ་བསུ་ཆེན་པོ་ཐོབ་ཡོད། བྱེད་སྒོ་རིང་ཆི་ཆི་གུ་གོ་གོ་ལ“ཆབ་མདོ་གྲོང་ཁྱེར་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཕོ་ཉའི”དཔང་ཡིག་དང་བྱ་དགའི་རྟགས་མ་བསྩལ་བ་མ་ཟད་ཆང་རྫི་ཚོད་ལྟ་སོགས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་སྟེགས་བུ7བཙུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག15000ལྷག་ཙམ་དང་འགྲིམ་འགྲུལ་ཉེན་རྟོག་དོམ་ཆུང་དང་སྦག་ཞྭ། དྲོད་སྲུང་ཕོར་པ་སོགས་དྲིལ་བསྒྲགས་དངོས་པོ3000ཡས་མས་སྤྲད་དེ་བློ་འདྲི་མང་ཚོགས500ལྷག་ལ་སྣེ་ལེན་བྱས་ཡོད།

