国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月05日

ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ལྗང་མདོག་ བར་སྟོང་གཏོད་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོའི་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་གྲོང་ཁུལ་གྱི་ལྗང་མདོག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། བསྡོམས་པས་གྲོང་ཁྱེར་རིམ་པའི་ནོར་སྲིད་ཆེད་དོན་མ་དངུལ་སྒོར་ཁྲི588.85བཏང་སྟེ་གྲོང་ཁུལ་དང་སྤྱི་གླིང་ལྗང་སྒྱུར་གསོ་སྐྱོང་དོམ་དམ་ཐད་སྤྱད་པ་དང་། བྱེ་བྲག་ཅན་དང་ཞིབ་ཕན་ཅན་གྱི་ཉིན་རྒྱུན་སྲུང་སྐྱོང་ལ་བརྟེན་ནས་ནུས་ལྡན་གྱིས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་བ་རེད།

རྒྱུས་ལོན་ལྟར་ན། ད་ལོའི་ལྗང་སྒྱུར་མ་དངུལ་གཙོ་བོ་ཁྱབ་ཁོངས་གཉིས་ཏེ་གྲོང་ཁུལ་ལྗང་སྒྱུར་གསོ་སྐྱོང་དོ་མད་ལས་གཞི་ཐད་མ་དངུལ་སྒོར་ཁྲི468.95དང་། སྤྱི་གླིང་ལྗང་སྒྱུར་གསོ་སྐྱོང་དོ་དམ་ལས་གཞི་ཐད་སྒོར་ཁྲི119.9བཏང་། ལྗང་སྒྱུར་ཁྱབ་ཁོངས་སུ་ཆུ་གཏོང་བ་དང་། ལུད་རྫས་འཇོག་པ། གནོད་འབུ་དང་ལྕང་བལ་དང་སྦྱར་བལ་འགོག་བཅོས། ཡལ་ག་གཙང་སེལ། ཤིང་སྡོང་འདེབས་འཛུགས་ཁ་གསབ། ཉིན་རྒྱུན་ཡལ་བཞུར་ཡུར་མ་ཡུར་བ། གཞན་ཡང་སྤྱི་གླིང་གི་རྨང་གཞིའི་སྒྲིག་བཀོད་གསར་བརྗེ་དང་གཙང་སྦྲ། དུས་ཆེན་སྣང་ཚུལ་སྐྲུན་པ་དང་དོ་དམ་རུ་ཁག་འཛུགས་སྐྲུན་གཙོ་བོར་བཟུང་ནས། ཤུགས་ཡོད་ཚད་ཀྱིས་གྲོང་མིའི་སྤྲོ་གསེང་རོལ་རྩེད་དགོས་མཁོ་སྐྲུན་ཡོད།

མིག་སྔའི་བར་དུ། ཆབ་མདོ་གྲོང་ཁུལ་གཙོ་བོའི་ལྗང་སྒྱུར་མཐོར་འདེགས་ལས་དོན་ཕྱོགས་ཡོངས་ནས་ལེགས་འགྲུབ་ཟིན་པ་དང་། རིན་མེད་མྱུ་གུའི་རོགས་སྐྱོར་ལམ་ལུགས་བརྒྱུད་དེ་སྡེ་ཚན་ལ་ལ་དང་སྡེ་ཁུལ་ལ་ལའི་ཀུང་སི་ཡིས་ཞོར་གཏོགས་ལྗང་ས་འཛུགས་སྐྲུན་དང་། སྤྱི་ཆའི་ལྗང་སྒྱུར་རྣམ་པ་རྒྱུན་མཐུད་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས། དོ་དམ་སྲུང་སྐྱོང་ཐད། ད་ལོར་བསྡོམས་པས་ཆུ་གཏོར་ཆུ་གཏོང་ཐེངས12དང་། ཡུར་མ་ཐེངས6ཡུར་བ། ལུད་རྫས་ཐེངས5བཞག་པ། ལྗང་སྒྱུར་ཡལ་བཞུར་ཐེངས14སྤེལ་བས། བསྡོམས་པས་སྡོང་རིང་ལྗོན་ཤིང་སྡོང་རྐང3200དང་སྡོང་ཐུང་སྡོང་རྐང1500ལྷག རྩི་ཤིང་ར་བ་སྨི་གྲུ་བཞི་མ་ཁྲི3.5འབྲེག་བཅོས་བྱས་པ་རེད།

གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཧུར་ཐག་གིས་སྡེ་ཚན་སོ་སོ་དང་བཟོ་སྐྲུན་ལས་གཞི་ལ་རོགས་འདེགས་བྱས་ནས་ལྗང་སྒྱུར་འབྲེག་བཅོས་དང་སྤོ་འཛུགས་ལས་དོན་སྤེལ་བས། ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་དང་། ལྗང་སྒྱུར་ལྗོངས་ཁུལ་གྱིས་གྲོང་མི་ཕྱིར་བསྐྱོད་དང་འགྲིམ་འགྲུལ་སྒྲིག་བཀོད་བདེ་འཇགས་ལ་ཤུགས་རྐྱེན་མི་ཐེབས་པ་འགན་ལེན་བྱས། མང་ཚོགས་ལ་སྟབས་བདེ་བཟོ་བ་དང་ཆབས་ཅིག་ཏུ་གྲོང་ཁྱེར་གྱི་སྤྱིའི་མཛེས་ལྗོངས་སྲུང་སྐྱོང་བྱས།

རྒྱུས་ལོན་ལྟར་ན། ལྗང་སྒྱུར་གྲུབ་འབྲས་བརྟན་དུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་ལམ་ལུགས་བཙུགས་ཏེ་དུས་གཏན་ཁེལ་གྱིས་གཞུང་ལམ་དང་ཐང་ཆེན། སྤྱི་གླིང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་ཞིབ་བཤེར་བྱས་པ་དང་། དུས་ཐོག་ཏུ་གནད་དོན་ཐག་གཅོད་བྱས་པ་མ་ཟད། བདེ་འཇགས་སྐོར་གྱི་མངོན་མེད་ཉེན་པ་སེལ། གྲོང་མི་ཚོར་བདེ་འཇགས་དང་དག་གཙང་། མཛེས་པའི་གྲོང་ཁྱེར་ལྗང་མདོག་བར་སྟོང་སྐྲུན་ཡོད་པ་རེད།