འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས4ཉིན། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི2025ལོའི་རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་དངོས་སུ་འགོ་ཚུགས་པ་དང་། བྱེད་སྒོ་ཡིས“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་རྩ་ཁྲིམས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་གཏོང་བ”བརྗོད་དོན་གཙོ་བོར་བཟུང་བ་དང་། དེའི་དམིགས་ཡུལ་ནི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་མཐོ་རུ་བཏང་སྟེ་རྒྱ་ཆེའི་གྲོང་མི་ཚོ་རྩ་ཁྲིམས་བཀུར་མཁན་དང་། སྲུང་མཁན། སྐྱོང་མཁན་བཅས་བྱ་རྒྱུར་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱ་རྒྱུ་དེ་རེད། གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་། གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བརྩི་སྲུང་དང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་དངོས་གྲུབ་ཟླ་བ་བྱེད་སྒོ་ནང་ཞུགས་པ་མ་ཟད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
འགོ་ཚུགས་མཛད་སྒོ་ཐོག་དངོས་གྲུབ་ཟླ་བའི་སྣེ་ཁྲིད་འོག་གྲོང་ཨུད་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་གྲོང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཁྲིམས་ལུགས་བརྩི་སྲུང་དང་ཁྲིམས་ལུགས་ཁྱབ་གདལ་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་རྒྱ་ཆེའི་གྲོང་མིར་གཟབ་ལྡན་སྒོས་དམ་བཅའ་བཞག་པ་རེད།
ཉིན་དེར། ཇ་རྟ་ཐང་ཆེན་དང་བཅིངས་འགྲོལ་ཐང་ཆེན། ཐེན་ཅིན་དང་ཆབ་མདོ་ལུས་རྩལ་རིག་གནས་ལྟེ་གནས་བཅས་སུ། རིམ་པ་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་སྟེགས་བུ་བཙུགས་ཏེ་ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་བྱས་ཡོད། ལས་དོན་མི་སྣས་དྲིལ་བསྒྲགས་བརྡ་ཁྱབ་སྦྱོར་བ་དང་། དྲིལ་བསྒྲགས་ས་ཚིགས་འཛུགས་པ། དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་གྲོང་མིར་རྩ་ཁྲིམས་ཀྱི་རྒྱུན་ཤེས་གསལ་འགྲེལ་བྱས་པ་དེས་ཁྲིམས་སྐྱོང་ཆབ་མདོ་དང་། བདེ་འཇགས་ཆབ་མདོ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
བྱེད་སྒོ་བཀོད་སྒྲིག་ལྟར། མ་འོངས་པའི་གཟའ་འཁོར་གཅིག་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ད་དུང་མུ་མཐུད་དུ“རྩ་ཁྲིམས་འཕྲིན་ཐུང་ཁྱབ་གདལ་གཏོང”“རྩ་ཁྲིམས་ཞོགས་ཀློག”“ངས་རྩ་ཁྲིམས་དང་མཉམ་པར་རྒྱག”བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། རྩ་ཁྲིམས་ཀྱི་དགོངས་དོན་དོན་ངོ་མའི་ཐོག་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་བསྐྱོད་དེ་མང་ཚོགས་དེ་བས་མང་པོ་ཞིག་ལ་ཁེ་ཕན་ཐོབ་ཏུ་འཇུག་རྒྱུ་ཡིན་པ་རེད།

