国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月05日

ཆབ་མདོ་གྲོང་ཁྱེར་བསྡོམས་རྩིས་ཅུས་ལ“ཐེངས་ལྔ་པའི་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་གྱི་སྔོན་ཐོན་ཚན་པའི”མཚན་སྙན་ཐོབ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་ཡོངས་བསྒྲགས་བྱས་པ་ལྟར་ན། ཆབ་མདོ་གྲོང་ཁྱེར་བསྡོམས་རྩིས་ཅུས་ལ“ཐེངས་ལྔ་པའི་རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་གྱི་སྔོན་ཐོན་ཚན་པའི”མཚན་སྙན་ཐོབ་ཡོད་པ་རེད།

རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་དམིགས་ཡུལ་གཙོ་བོ་ནི་རང་རྒྱལ་གྱི་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པའི་འཕེལ་རྒྱས་གཞི་ཁྱོན་དང་། གྲུབ་ཚུལ། ཕན་འབྲས་བཅས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱེད་པ་དང་། སྡེ་ཚན་ཁག་གི་གཞི་རྩའི་གནས་ཚུལ་གསལ་པོ་ཤེས་པ། རང་རྒྱལ་གྱི་རྒྱལ་དམངས་དཔལ་འབྱོར་ལས་རིགས་དབར་གྱི་དཔལ་འབྱོར་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཡོངས་ཁྱབ་ཞིབ་བཤེར་བརྒྱུད་བསྡོམས་རྩིས་རྨང་གཞི་སྔར་བས་སྲ་བརྟན་དུ་གཏོང་བ་དང་བསྡོམས་རྩིས་དེང་རབས་ཅན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཁོག་དཔལ་འབྱོར་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་དང་། དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བཅས་བྱེད་པར་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་བསྡོམས་རྩིས་ཆ་འཕྲིན་གྱི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུ་དེ་ཡིན།

“རྒྱལ་ཡོངས་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ”འགོ་ཚུགས་པའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་དང་། བཀོད་སྒྲིག་ཚགས་དམ་པ་བཅས་བྱས་ཏེ་མགྱོགས་མྱུར་གྱིས་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ལག་བསྟར་ཇུས་གཞི་བཟོས་པ། ཆེད་ལས་དཔུང་ཁག་བཙུགས་པ་བཅས་བྱས་ནས། ཞིབ་ཕྲའི་གསོ་སྦྱོང་སྤེལ་ཞིང་རྒྱ་ཁྱབ་ངང་སྤྱི་ཚོགས་ཐོག་དྲིལ་བསྒྲགས་བྱས་པ། དྲ་ཐོག་དང་དྲ་ཕྱིའི་ཕན་ཚུན་ནུས་ཤུགས་བཏོན་ནས་ཞིབ་བཤེར་བྱ་ཡུལ་གྱི་ཤེས་རྟོགས་ཚད་དང་གཞོགས་འདེགས་ཚད་ཆེ་རུ་བཏང་ཡོད་པ་རེད།