འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས3ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བདེ་འཇགས་ཐོན་སྐྱེད་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཡིག་སྐུར་ངོ་གཏུག་སོགས་ཀྱི་ལས་དོན་སྙན་སེང་ལ་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད།
ལའོ་ཆིན་འུའུ་ཡིས་ཏང་སྲིད་ལས་ཁུངས་ཀྱི་ཟ་མཁས་འཐུང་མཁས་སྐོར་གྱི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་ལས་འགན་སྒྲུབ་པ་དང་། ལམ་ལུགས་ཀྱི་གཅུན་སྡོམ་ཆེ་རུ་བཏང་ནས་ཟ་མཁས་འཐུང་མཁས་ཀྱི་བླང་བྱ་དེ་ཉིན་རྒྱུན་གྱི་བྱ་སྤྱོད་ཚད་གཞི་འགྱུར་བ་བྱེད་དགོས། “མངོན་མེད་རྐྱེན་ངན་ནི་དོན་རྐྱེན་ཡིན་པའི”འདུ་ཤེས་བརྟན་པོར་འཛུགས་དགོས་ཤིང་། གཙོ་གནད་ཁྱབ་ཁོངས་ཀྱི་དོན་རྐྱེན་གྲལ་བཤེར་ལ་དམིགས་ཏེ། འཕྲལ་སྡོམ་གྱི་གྲ་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་གཙོ་གནད་བདེ་འཇགས་དོན་རྐྱེན་ལ་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱེད་དགོས། ཟླ་ཆུའི་རྒྱུད་ཀྱི་ཞིང་ཆེན་བརྒལ་བའི་རི་ཆུ་དང་། ནགས་ཚལ། ཞིང་ཁ། མཚེའུ། རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་འདུ་འགོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་གཏོང་དགོས་ཤིང་། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ་རྒྱལ་ཁའི་ས་ཆའི་ལྗང་སྒྱུར་བྱ་སྤྱོད་དང་དེ་བཞིན“ཆུ་བོ་གཉིས་དང་གཙང་པོ་གཅིག”གི་ལྗང་སྒྱུར་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་དགོས། ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས་ཤིང་། 《ཡིག་སྐུར་ངོ་གཏུག་ལས་དོན་སྲོལ་ཡིག》ནན་ཏན་ལག་བསྟར་བྱེད་པ་དང་། ལམ་ལུགས་དང་སྒྲིག་གཞི་སྔར་བས་འཐུས་ཚང་དུ་གཏོང་བ།“ཁྲིམས་སྐྱོང་ཅན་ལྔ”གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། དོན་ངོ་མའི་ཐོག་ནས་དབང་འགན་ཁ་གསལ་དང་། གཞི་གྲངས་གསལ་བ། ཁྲིམས་ལྟར་སྒྲུབ་པ། གོ་རིམ་ལྡན་པ། མང་ཚོགས་བློ་ཡིད་ཚིམས་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་ཡོད།

