འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ།“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དམ་པོར་སྲུང་བ་དང་།“ དོན་ཆེན་བཞི”དང“ འཛུགས་གཏོད་བཞིའི”བཀོད་སྒྲིག་བླང་བྱ་དམ་པོར་དམིགས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
ད་ཆའི་ཆབ་མདོ་ནི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་སོང་ཞིང་། གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་བདེ་འཇགས་ཡོང་བར་སྲུང་ཡོལ་ནུས་ལྡན་བརྟན་དུ་བཏང་ནས་མི་དང་རང་བྱུང་ཁམས་མཉམ་གནས་ཞི་མཐུན་གྱི་རི་མོ་ཞིག་བོད་ཤར་གྱི་ས་གཞི་ཆེ་མོའི་ཐོག་ཏུ་བྲིས་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་རི་ཆུ་དང་། ནགས་ཚལ། ཞིང་ཁ། མཚེའུ། རྩྭ་ས། བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས“ཚད་གསུམ་མཐོ་གཅིག”དང“ཁུལ་གསུམ་རྒྱུད་གསུམ”བཟོས་ཏེ། བརྒྱ་ཆའི29.07གྱི་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ཏུ་འཇུག་རྒྱུ་ལས་བརྒལ་བ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱི་རྒྱ་ཁྱོན་གྱིས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཁབ་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི6.84ཟིན་ནས་སྐྱེ་ཁམས་བདེ་འཇགས་ཡོང་བར་ཚད་བརྒལ་བྱེད་མི་ཆོག་པའི“མཐའ་མཚམས་མཁྲེགས་པོ”གཏོད་ཡོད།
ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་། ནགས་དཔོན་ལམ་ལུགས་བཅས་དམ་འཛིན་བྱ་གཞིར་བརྩིས་ཏེ། ཆབ་མདོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་རིམ་པས་རིམ་པར་དོན་ཐོག་ཏུ་འཁྱོལ་བར་སྐུལ་སྤེལ་བཏང་བའི་ཁར། རྒྱལ་ཁའི་ས་ཆའི་ལྗང་སྒྱུར་དང་དེ་བཞིན“ཆུ་བོ་གཉིས་དང་གཙང་པོ་གཅིག”གི་ཤར་ནུབ་འགྲམ་གྱི་ལྗང་སྒྱུར་ལས་གྲྭར་མཉམ་དུ་སྐུལ་འདེད་བཏང་ཡོད།

