འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ12པའི་ཚེས2ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཨུད་ཀྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ། ཀྲུང་དབྱང་གི་སྐོར་ཞིབ་ཚོགས་ཆུང་བཅུ་བཞི་པས་བོད་རང་སྐྱོང་ལྗོངས་ལ་སྐོར་ཞིབ་བྱེད་པའི་ཚུར་ལེན་གནད་དོན་དག་ཐེར་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རང་རེའི་གྲོང་ཁྱེར་གྱི་དག་ཐེར་ལས་དོན་ལ་ཞིབ་འཇུག་གནང་ཡོད་པ་རེད།
ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། (པར་ངོས་གསུམ་པར་གཟིགས)
(པར་ངོས་དང་པོར་མཐུད) ང་ཚོས་སྐོར་ཞིབ་དག་ཐེར་ལས་དོན་ལ་དམ་འཛིན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བློ་ཐག་ཆོད་པོས“གཏན་འཁེལ་གཉིས”བརྩི་སྲུང་ཞུ་བ།“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་ཐུབ་པ། སྐོར་ཞིབ་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལྟར། མངོན་པར་གསལ་བའི་ཆབ་སྲིད་ཀྱི་རྣམ་འགྱུར་དང་། དངོས་གཉེར་གོ་འཕེར་གྱི་དག་ཐེར་བྱ་ཐབས། ལྕགས་ལ་ལག་རྗེས་འཇོག་ཐུབ་པའི་དངོས་སྒྲུབ་སྤྱོད་ཚུལ་བཅས་ལ་བརྟེན་ནས་ལྷོད་གཡེང་སྤུ་ཙམ་མེད་པར་སྐོར་ཞིབ་དག་ཐེར་གྱི་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་བྱེད་པ་དང་། དག་ཐེར་གྱི་གྲུབ་འབྲས་དང་དངོས་ཕན་གྱི་ཐོག་ནས་ཏང་ལ་མཐའ་གཅིག་ཏུ་བློ་དཀར་བ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མངོན་པར་བྱེད་དགོས་ཅེས་བསྟན།
ཀྲོང་ཅིན་སུང་གིས་མཇུག་འབྲས་སྣེ་ཁྲིད་མཐའ་འཁྱོངས་བྱེད་དགོས་ཤིང་། སྐོར་ཞིབ་ཀྱིས་ཚུར་ལེན་སྤྲད་པའི་སྤྱི་ཁྱབ་རང་བཞིན་གྱི་གནད་དོན་དང་ཆབ་མདོར་འབྲེལ་བའི་བྱེ་བྲག་རང་བཞིན་གྱི་གནད་དོན་ལ་རང་འགུལ་གྱིས་ངོས་ལེན་བྱེད་པ་དང་། སྐབས་ཐོག་བཅོས་སྒྲིག་དང་ཕུགས་ཕན་སྲོལ་འཛུགས་ཟུང་འབྲེལ་དང་། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་འབྲེལ་མཐུད་བཅས་བྱས་ཏེ། རྒྱུན་རྣམ་ཡུན་ཕན་ལམ་སྲོལ་དང་སྒྲིག་གཞི་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་མཐའ་འཁྱོངས་བྱེད་དགོས་ཤིང་། སྐོར་ཞིབ་དག་ཐེར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔར་གྱི་གཙོ་གནད་ལས་དོན་ཞུགས་པར་དམ་འཛིན་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་ཚུགས་པ་དང་གོམ་ཁ་ལེགས་པོ་བསྒྱུར་བར་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་ཡོད།

