འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཀྲོང་ཅིན་སུང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནིལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་ཆེའི་ཚོགས་འདུ་ཐེངས་ཤིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གྲོས་གཞི》ནི་གཟིགས་རྒྱང་རིང་ཞིང་དགོངས་པ་གཏིང་ཟབ་པས། དེ་ནི “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང་། (པར་ངོས་གསུམ་པར་གཟིགས)(པར་ངོས་དང་པོར་མཐུད) “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གོ་བ་གཏིང་ཟབ་ལེན་ནས་ཟབ་སྦྱོང་མཐིལ་རྟོགས་དང་མཐའ་གསལ་མཐིལ་རྟོགས་བཅས་བྱས་ཏེ། སློབ་སྦྱོང་གྲུབ་འབྲས་དེ་ཉིད“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱ་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུའི”སྒུལ་ཤུགས་ཆེན་པོ་དང་གསོན་ཉམས་དོད་པའི་ལག་ལེན་དུ་འགྱུར་བ་བྱེད་དགོས་ཅེས་བསྟན།
ཀྲོང་ཅིན་སུང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ནི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། དུས་ཚོད་ཀྱི་སྐར་ཁུང་དམ་འཛིན་བྱེད་པ་དང་ཁ་ཕྱོགས་ཀྱི་གནས་ཚད་ཡང་དག་འཚོལ་བ། སྔར་བས་ལྷག་པའི་སྒོ་ནས་ཆབ་མདོའི་ས་ཁོངས་དང་ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་དགེ་མཚན་དུ་འགྱུར་བར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆེད་དུ་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་དགོས། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི“མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ།“དོན་ཆེན་བཞི”དེའི་ནང་དུ་དཀྱུས་གཅིག་ཏུ་བསྟར་བ་དང“འཛུགས་གཏོད་བཞི”ཞུགས་པར་བྱས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་བསྐྱོད་པར་འགན་ལེན་བྱེད་དགོས། ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་དུ་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་གཏིང་ཟབ་གཏོང་བ། ལོ་མཇུག་གི་ལས་དོན་ཡག་པོ་སྒྲུབ་པ། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་འགོད་ཡག་པོ་བྱེད་པ་བཅས་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཐོག་ནས“ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་ཡུལ”གྱི་ལ་རྒྱ་དང་གཟི་བརྗིད་བརྩི་སྲུང་ཞུ་དགོས་པའི་ནན་བཤད་གནང་ཡོད།

