འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཉེ་ཆར། སྟེང་ཆེན་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་བཏང་ནས་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་ཆབ་མདོའི་བཟོ་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི”དྲ་ཐོག་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། ཐེན་ཅིན་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང་བའི“སྤྲིན་རྩིས་སྒྲོག་འགྲེལ”ལ་བརྟེན་ནས་ས་གནས་དེ་གའི་འཐུས་མི200ལྷག་ཙམ་ལ་བསམ་བློའི་གསོལ་སྟོན་ཞིག་བཤམས་པ་རེད།
དུས་རབས་ཀྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས། “ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་སྐྲུན་པ་དང་དངོས་སྒྲུབ་ལ་བརྟེན་ནས་ཕུགས་འདུན་འགྲུབ་པར་བྱེད”ཅེས་པར་གཞིགས་ནས་སྒྲོག་འགྲེལ་བྱས་པ་རེད། ཐེན་ཅིན་གྲོང་ཁྱེར་ངལ་རྩོལ་དཔེ་བཟང་བའི་འཐུས་མིས་རང་ཉིད་ཀྱི་ལས་གནས་ལ་གཞི་ཚུགས་ནས་འགག་སྒྲོལ་དཀའ་སེལ་བྱེད་པའི་འབད་འཐབ་ལོ་རྒྱུས་ལ་ཟུང་འབྲེལ་བྱས་ཏེཤིང་། བབ་ཆགས་ཀྱི་སྐད་ཆ་དང་། གསོན་ཉམས་དོད་པའི་དཔེ་མཚོན། ཟོལ་མེད་ཀྱི་བརྩེ་སེམས་བཅས་ལ་བརྟེན་ནས་སྤྱིར་བཏང་གི་ལས་གནས་ཐོག་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་པའི་གཏམ་རྒྱུད་མཉམ་སྤྱོད་ཞུས་པ་རེད། ས་གནས་ས་ཐོག་ཏུ་སྒྲོག་འགྲེལ་ལ་ཉན་མཁན་ཚོས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཟིན་ཐོ་ནན་ཏན་བཀོད་པ་མ་ཟད། ད་དུང་སྐད་འཇོག་ཁུལ་དུ་དུས་ཐོག་ཏུ་བསམ་ཚུལ་བརྗེ་རེས་ཀྱང་བྱས་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་ངལ་རྩོལ་དཔེ་བཟང་བའི་བྱས་རྗེས་དེ་དག་ལ་བདེན་པའི་རང་བཞིན་དང་སྦྱོང་འོས་པའི་རང་བཞིན་ལྡན་པས་མིག་དཔེའི་སྟོབས་ཤུགས་ཚོར་ཐུབ་ཡོད་ལ་དངོས་སྒྲུབ་ཀྱི་དད་སེམས་དེ་བས་བརྟན་དུ་ཕྱིན་ཡོད་ཅེས་བཤད་པ་རེད།
ད་ཐེངས་ཀྱི་དྲ་ཐོག་སྒྲོག་འགྲེལ་བྱེད་སྒོ་ནི་ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་པ་མ་ཟད། “ཆབ་མདོའི་བཟོ་པའི་བསམ་བློ་ཆབ་སྲིད་སློབ་ཚན་ཆེན་པོའི”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།

