འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས27ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ལས་ཁུངས་ཏང་ཀྲི་པུའུ་མཉམ་འབྲེལ་སྒོས“ལོ་རྒྱུས་ལྔར་སློབ་སྦྱོང་དང་། ཐོག་མའི་བསམ་འདུན་འཆང་བ། ངར་ཤུགས་སློང་བ། ཡང་བསྐྱར་ལམ་དུ་ཞུགས་པ།”ཞེས་པ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། སྒྲིག་འཛུགས་མཉམ་སྐྲུན་དང་། ཉམས་མྱོང་མཉམ་སྦྱོང་། ལས་སྒོ་མཉམ་དུ་སྐུལ་འདེད་གཏོང་བ་བརྒྱུད་ནས། ཏང་ཀྲི་པུའི་གཅིག་སྒྲིལ་བྱེད་ཤུགས་དང་འཐབ་རྩོད་ནུས་པ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་རྩ་དོན་འདུ་ཤེས་ཆེ་རུ་བཏང་ནས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བར་ཁྲིད་སྟོན་བྱས་ཡོད་པ་རེད།
བྱེད་སྒོ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2025གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ཕུལ་བྱུང་ཁྱིམ་ཚང་གི་བྱས་རྗེས་འགྲེམས་སྟོན་བརྙན་རིས་དང་གྲོང་ཁྱེར་ལས་རིགས་ཁག་དང་ལས་རྐང་ཁག་གི་ལས་བཀུར་ལས་བརྩོན་གྱི་སྔོན་ཐོན་དཔེ་མཚོན་ལ་གཟིགས་པ་མ་ཟད། མི་སྒེར་གྱི་བྱས་རྗེས་དང་ཟུང་འབྲེལ་བྱས་ཏེ་ཡུལ་དངོས་སུ་སྒྲོག་འགྲེལ་བྱས་པ་དང་། གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཏང་ཀྲི་པུའུ་དང་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ལས་ཁུངས་ཏང་ཀྲི་པུའུ་ཡི་འཐུས་མིས་རང་ཉིད་ཀྱི་མྱོང་ཚོར་དང་འབྲེལ་ཏེ་གཏམ་བཤད་སྤེལ་ཡོད།

