国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月02日

ཁྲུང་ཆིང་གིས་ཆབ་མདོར་ལས་ཞུགས་རོགས་དང་གཙོ་གནད་ཚོགས་སྤྱི་ལས་ཞུགས་ཀྱི་ལས་མི་བསྡུ་བའི་ཚོགས་འདུ་འཚོགས་པ།

ཁེ་ལས་འཐུས་མི་ཡིས་ལས་ཞུགས་འཚོལ་མཁན་དང་སྤེལ་རེས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་28ཉིན། ཁྲུང་ཆིང་གྲོང་ཁྱེར་མི་སྤྱི་འགན་སྲུང་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་མི་སྤྱི་འགན་སྲུང་ཅུས་དང་ཁྲུང་ཆིང་གྲོང་ཁྱེར་ལས་ཞུགས་ཞབས་ཞུ་དོ་དམ་ཅུས་ཀྱིས་གཉེར་འགན་འཁུར་བའི་2025ལོའི་ཁྲུང་ཆིང་གིས་ཆབ་མདོར་ལས་ཞུགས་རོགས་སྐྱོར་བྱེད་པ་དང་གཙོ་གནད་ཚོགས་སྤྱི་ལས་ཞུགས་ཀྱི་ལས་མི་བསྡུ་བའི་ཚོགས་འདུ་ཆབ་མདོར་འཚོགས་པ་རེད། འཚོགས་ཡུལ་དངོས་སུ་མི་སྤྱོད་ཚན་པས་གོ་རིམ་ལྡན་པའི་ངང་བློ་འདྲིའི་སྟེགས་བུ་བཟོས་པའི་འགྲམ་དུ་ལས་གནས་ཀྱི་ཆ་འཕྲིན་འགྲེམས་པང་བཀོད་སྒྲིག་བྱས་ཤིང་། ལས་མི་བསྡུ་ལུགས་ཀྱི་ཆ་འཕྲིན་ཚང་མ་ཁ་གསལ་བཟོས་ཡོད་པས། ལས་ཀ་འཚོལ་མཁན་ཚོས་མགྱོགས་མྱུར་ཆ་འཕྲིན་དག་ལྟ་ཀློག་བྱས་ནས་གནས་ཚུལ་རྣམས་ཁ་གསལ་གཏིང་གསལ་ཡོང་བ་བྱས་ནས་རང་མོས་ཀྱི་ལས་ཞུགས་སྙན་ཞུ་འབུལ་ཆོག་གི་ཡོད་ལ། རྒྱ་ཆེའི་ལས་ཀ་འཚོལ་མཁན་ཚོས་ཁེ་ལས་ཀྱི་འཐུས་མི་ལ་གླེང་མོལ་གཏིང་ཟབ་བྱས་ནས་ཕྱོགས་གཉིས་པོས་ལས་ཀའི་ཁོར་ཡུག་དང་།ལས་གནས་ཀྱི་བླང་བྱ།གླ་ཕོགས་དང་ཕན་བདེ་སོགས་ཀྱི་ཐད་ཤེས་རྟོགས་གསལ་པོ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་ལས་མི་བསྡུ་བའི་ཚོགས་འདུའི་ཐོག་ལྗོངས་ཕྱི་ནང་གི་ཁེ་ལས་50ལྷག་ཙམ་ཞུགས་པར་ལས་གནས་1293མཁོ་འདོན་བྱས་ཡོད་པ་དང་། དེའི་ནང་ཁྲུང་ཆིང་ཁེ་ལས་ཀྱིས་ལས་གནས་1000ལྷག་ཙམ་མཁོ་འདོན་བྱས་ཡོད་པ་རེད། དེའི་ནང་ལས་འཚོལ་མཁན་མི་ཐེངས་1500ལྷག་ཙམ་ཞུག་པ་དང་། དྲ་ཐོག་དང་དྲ་ཕྱི་ནས་ལས་མིའི་ལོ་རྒྱུས་མདོར་བསྡུས་ཕུལ་བ530ལྷག་ཙམ་སླེབས་ནས་མི་ཐེངས་100ལྷག་ཙམ་ལ་ལས་ཞུགས་ཀྱི་འདོད་མཐུན་བྱུང་ཡོད་པ་རེད།