国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年12月02日

དོན་དངོས་སྒྲུབ་ཏེ་མང་ཚོགས་བློ་བདེ་ཡོང་ བར་བྱེད།

ཉེ་ཆར། སྨར་ཁམས་རྫོང་གྲུ་པ་རོང་ཤང་གིས་སྐབས་འཕྲལ་གྱི་རོགས་སྐྱོབ་དངོས་ཟོག་སྤྲོད་པའི་ལས་དོན་ཧུར་ཐག་སྤེལ་ཞིང་། ཤང་དེ་ཡོངས་ཀྱི་དཀའ་ངལ་ཆེ་བའི་དུད་ཁྱིམ75ལ་འབྲས་དང་། གྲོ་ཕྱེ། ཟས་སྣུམ། འབོལ་གདན་སོགས་རིན་ཐང་སྒོར་ཁྲི10རི་བའི་འཚོ་བའི་དངོས་ཟོག་སྤྲད་དེ་མང་ཚོགས་ཀྱི་སྐབས་འཕྲལ་རང་བཞིན་གྱི་འཚོ་བའི་དཀའ་ངལ་ལ་རོགས་རམ་བྱས་ཡོད་པ་རེད། གྲུ་པ་རོང་ཤང་གི་འགན་འཁུར་བ་ཡིས་ཐེངས་འདིའི་རོགས་སྐྱོབ་གཞི་རྟེན་དུ་བཟུང་ནས་མུ་མཐུད་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དངོས་ཟོག་རོགས་སྐྱོབ་དོན་འཁྱོལ་ཡག་པོ་བྱེད་པའི་ཁར། ལས་ཞུགས་དང་། སྨན་བཅོས། སློབ་གསོ་སོགས་ཀྱི་ཐད་ཀྱི་རྒྱབ་སྐྱོར་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སེམས། བདེ་སེམས་བཅས་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

པར་འདི་ནི་དཀའ་ངལ་ཆེ་བའི་མང་ཚོགས་ལ་སྐབས་འཕྲལ་གྱི་རོགས་སྐྱོབ་དངོས་ཟོག་སྤྲད་པའི་ཡུལ་དངོས་ཡིན་པ།