འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཏུ་བཟུང་བ་དང་། མི་རིགས་ཁག་བར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞིར་བརྩིས་ཏེ། “འབྲེལ་བ་ཆ་བཞི”ཡང་དག་པའི་ཁོང་དུ་ཆུད་པར་བྱེད་པ་དང་།“སུམ་འགྱུར”ལམ་ནས་སྒར་རེས་འཕེལ་རྒྱས་དང་། སོན་གསོ་བརྟན་གཏོང་། རིག་གནས་ཡུལ་སྐོར་མཉམ་འདྲེས་བཅས་ལ་སྐུལ་སྤེལ་བཏང་ཞིང་། དམར་མདངས་ཆབ་མདོའི“འཆར་གཞི་རྣམ་གསུམ”ལག་བསྟར་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་དེ་ཁྱབ་ཁོངས་དེ་བས་ཆེ་ཞིང་ས་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་རྒྱ་ཆེ་བའི་ཕྱོགས་སུ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་སྒར་རེས་རྣམ་པའི་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བྱ་སྤྱོད་སྤེལ་རྒྱུ་གཞི་རྟེན་དུ་བཟུང་ནས་ཁ་རུབ་ཆུས་ལྟེ་བ་བྱས་ཏེ་རྫོང10དང་སྦྲེལ་མཐུད་ཀྱིས་གྲོང་ཁྱེར་གྱི་མི་རིགས་ལས་དོན་སྒྲིག་གཞི་དང་སྡེ་ཁུལ་གྱི་ཞབས་ཞུའི་ནུས་པའི་བཀོད་པ་ལེགས་སུ་བཏང་ཞིང་། ཁྱོན་མ་དངུལ་སྒོར་ཁྲི580བཏང་ནས“སེའུ་འབྲུ་དམར་པོ”དང་།“མཐུན་སྒྲིལ་ཁང་པ”“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལྡུམ་ར”སོགས་བརྗོད་དོན་མི་འདྲ་བའི་སྒར་རེས་རྣམ་པའི་སྡེ་ཁུལ34དང་། དཔེ་སྟོན་ཟ་ཁང1བཅས་གཏོད་པ། མང་ཚོགས་ཁྲི1.96ལྷག་གྲོང་ཁྱེར་དུ་འཚོ་བ་བསྐྱལ་དུ་ཡོང་བར་ཁྲིད་སྟོན་བྱུང་བ། མང་ཚོགས4000ལྷག་ལྗོངས་ཕྱིར་ལས་ཞུགས་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་བློ་ཉེ་ཤོས་དང་། འཆམ་མཐུན་ཁྱིམ་མཚེས། བཟའ་ཚང་འགྲིག་མཐུན་བཅས་བྱུང་ཡོད།

