འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས28ཉིན་གྱི་ཕྱི་དྲོར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་ཏང་ཨུད་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་། སྤྱི་ཁྱབ་ཅིང་ལི་བཅས་ཡིན་པའི་ལིས་ཀྲུང་ཡན་དང་བཅས་པར་མཇལ་འཕྲད་གནང་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྤེལ་རེས་གཏིང་ཟབ་བྱས་ཡོད།
ལའོ་ཆིན་འུའུ་ཡིས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་ཡིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཀྲུང་གོ་སྒུལ་བདེ་ནི་ཀྲུང་དབྱང་གི་ཁེ་ལས་ཤིག་ཡིན་པའི་ངོས་ནས་ལག་རྩལ་དང་ཞབས་ཞུའི་དགེ་མཚན་མངོན་གསལ་དོད་པོ་ཡོད་པས་དེ་ནི་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཆབ་མདོས་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར་མགྱོགས་མྱུར་གྱིས་ལྟེ་བའི་ཡན་ལག་གྲོང་ཁྱེར་འཛུགས་སྐྲུན་བྱེད་བཞིན་ཡོད་པས་ས་ཁོངས་ཀྱི་དགེ་མཚན་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་མངོན་གསལ་ཆེ་བ་ཡོད། ཕྱོགས་གཉིས་ཀྱིས་སྔར་བས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། བློ་རིག་སྨན་བཅོས་དང་། བློ་རིག་སློབ་གླིང་། བློ་རིག་ཞིང་ལས་སོགས་དམངས་འཚོ་དང་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་བཏང་ནས་གྲངས་གཞི་ལག་རྩལ་དང་སྤྱི་པའི་ཞབས་ཞུ། ཐོན་ལས་རིམ་སྤར་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་སྤེལ་གཏོང་དགོས།
སྒུལ་བདེ་འཕྲིན་གཏོང་གི་དྲ་གནས་གཤམ་སྐྱོད་ལ་རྒྱུན་མཐུད་ཀྱིས་ཤུགས་སྣོན་བརྒྱབ་ནས་དྲ་བའི་ཁེབས་ཚད་དང་ཟབ་ཚད་རྒྱ་ཆེ་རུ་གཏོང་དགོས། གྲངས་གཞི་སྲིད་གཞུང་དང་། བློ་རིག་གྲོང་ཁྱེར། དམར་མདངས་ས་རྟགས་གྲངས་འཛིན་མཛོད་ཁང་སོགས་ཀྱི་ཁྱབ་ཁོངས་སུསྔར་བས་ལྷག་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱས་ཏེ། ཆབ་མདོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན།
ལིས་ཀྲུང་ཡན་གྱིས་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་ཡིས་ཆབ་མདོའི་འཕེལ་རྒྱས་ཁྱོན་ཡོངས་ལ་ཧུར་ཐག་ཞབས་འདེགས་བྱེད་པ་དང་། གཙོ་གནད་ས་ཁོངས་དང་དགོས་མཁོར་དམིགས་ཏེ། ཐོན་ཁུངས་ཀྱི་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞབས་ཞུའི་རྣམ་པ་གསར་གཏོད་བཅས་བྱས་ནས་ཆབ་མདོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་དེ་བས་ཆེ་བའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པའི་བསམ་པ་བསྟན་ཡོད་པ་རེད།

