འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་གསར་བསྐོས་ལས་བྱེད་པར་གཅིག་སྡུད་གླེང་མོལ་གནང་ཡོད།
ཀྲོང་ཅིན་སུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆོས་ལུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱིས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་རབ་དང་རིམ་རིམ་བཏོན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་གནས་བབ་གསར་པའི་འོག་གི་ཆོས་ལུགས་ལས་དོན་གྱི་རིགས་གཞུང་གལ་ཆེན་དང་ལག་ལེན་གནད་དོན་རབ་རིམ་ལ་ལན་འདེབས་གནང་བ་དེས། ང་ཚོས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ།(པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཡང་དག་པ་དང་། ཆ་ཚང་བ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཧུར་ཐག་སྐུལ་འདེད་བཏང་ནས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་པོར་ཡོང་རྒྱུར་ཁྲིད་སྟོན་བྱེད་པ། དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ནས་ཆབ་མདོ་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་བཏང་ཡོད་ཅེས་བསྟན།
ཀྲོང་ཅིན་སུང་གིས་དགོན་སྡེ་དོ་དམ་ཨུ་ལྷན་ནི་ཏང་དང་སྲིད་གཞུང་གིས་ཆོས་དད་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་ཞུ་བྱེད་པའི་ཟམ་པ་ལྟ་བུ་ཡིན་ལ། ཕུལ་བྱུང་ལས་བྱེད་པ་སྦྱོང་བརྡར་ནར་སོན་གྱི་ལག་ལེན་རྟེན་གཞི་ཡང་ཡིན། གསར་བསྐོས་ལས་བྱེད་པས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་དང་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་བྱེད་ཕྱོགས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཆབ་སྲིད་བརྟན་ལྷིང་གི་སྲུང་མཁན་དང་། སྲིད་ཇུས་ཁྲིམས་སྲོལ་ལག་བསྟར་མཁན། སློབ་གསོ་ཁྲིད་སྟོན་གྱི་ལག་ལེན་པ། དོ་དམ་ཞབས་ཞུའི་འགན་འཁུར་མཁན། བདེ་འཇགས་སྔོན་འགོག་གི་སྲུང་སྐྱོབ་མཁན་ཞིག་བྱས་ནས། དངོས་འཛིན་དངོས་སྒྲུབ་ལ་བརྟེན་ནས་དུས་རབས་གསར་པའི་ཆབ་མདོའི་ཆོས་ལུགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་དགོས་རྒྱུའི་བླང་བྱ་བཏོན་ཡོད།

