ཟླ11པའི་ཚེས21ཉིན་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ཡིས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་དང་མཉམ་འབྲེལ་སྒོས“དང་བླངས་པ་བརྒྱ་དུད་འཛུལ་བྱས་ཏེ་བདེ་འཇགས་སྐྱེལ་བ”ཞེས་པ་བརྗོད་དོན་གཙོ་བོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་སྤེལ་ཞིང་། སྤྱི་ཚོགས་ལས་དོན་པ་དང་། དང་བླངས་པ། སྡེ་ཁུལ་ལས་དོན་པ། མེ་ཟོན་བཀོད་འདོམས་པ། སྤྱི་བདེ་ལས་བྱེད་ཉེན་རྟོག་པ་དང་སྡོད་དམངས་ཀྱི་འཐུས་མི100ལྷག་བྱེད་སྒོ་ནང་ཞུགས་ཡོད། པར་འདི་ནི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་གསོད་བྱ་ཐབས་སྟོན་བཞིན་པ།