国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月25日

གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས21ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས2025ལོའི་ལོ་འཁོར་གྱི་སློབ་སྦྱོང་ཚོགས་འདུ་ཐེངས11པ་འཚོགས་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཡིས་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕྲིན་ལས་དང་། ཀྲང་ཧུང་ཅོན། ཀྲང་ཝུན་ལིས་ཚོགས་འདུར་ཞུགས་ཡོད།

ཧུའུ་ཏན་ཧྥུའུ་ཡིས་སློབ་སྦྱོང་གཏིང་ཟབ་དང་ཤེས་རྟོགས་ཞིབ་ཕྲའི་ཐད་རྒྱུན་མཐུད་ནུས་ཤུགས་ཆེ་རུ་བཏང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཤེས་ལྡན་མི་སྣའི་དགོངས་པའི་སྲོག་ཤིང་གི་དོན་སྙིང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་དགོས། མཉམ་འདྲེས་ཀུན་ཁྱབ་ཀྱི་ཐད་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་སྲིད་གྲོས་ཀྱི་ལས་འགན་སྒྲུབ་པའི་སྤྱི་ཡོངས་ཞབས་ཞུའི་འཇུག་སྒོ་ཡང་དག་པར་འཚོལ་དགོས། བསྒྱུར་ནས་དོན་འཁྱོལ་བྱེད་པའི་ཐད་དངོས་ཕན་དོན་གཉེར་བྱས་ཏེ་སྲིད་གྲོས་ལས་དོན་གྱིས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་བ་དང་ཤེས་ལྡན་མི་སྣའི་ལས་དོན་ལ་ལེགས་སྐྱེས་ཕུལ་ཚད་ཏན་ཏིག་མཐོ་རུ་གཏོང་དགོས། འགན་སྲུང་གི་སྒྲིག་གཞི་འཐུས་ཚང་དུ་གཏོང་བའི་ཐད་གནོན་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་ལག་ལེན་བསྟར་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།