འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ1པའི་ཚེས20ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས2025ལོའི་ལོ་འཁོར་གྱི་སློབ་སྦྱོང་ཚོགས་འདུ་ཐེངས13པ་འཚོགས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཀྲང་ཝུན་ཧྲན་གྱིས་ཚོགས་འདུ་གཙོ་སྐྱོང་ཞུས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།
ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་སོགས་ཡིག་ཆ་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཁོངས་མི་ཀྲུའུ་རེན་གཞོན་པ་སྒྲོལ་དཀར་སོགས་ཀྱིས་སློབ་སྦྱོང་གི་བརྗོད་སྙིང་ལ་དམིགས་ཏེ་སྤེལ་རེས་གཏམ་བཤད་བྱས་ཡོད།
ཀྲང་ཝུན་ཧྲན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དོན་སྙིང་གལ་ཆེན་ལ་ཡང་དག་པའི་སྒོ་ནས་གོ་བ་ལེན་པ་དང་དེ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་དང་འབྲེལ་བ་ཡོད་ལ། འབྱུང་འགྱུར་ལོ་ལྔའི་ནང་རང་རྒྱལ་གྱི་འཕེལ་རྒྱས་དོན་སྙིང་ལ་གལ་འགངས་ཆེན་པོ་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་སྲོག་ཤིང་དོན་སྙིང་ཁོང་དུ་ཆུད་པར་བྱས་ཏེ། གྲུབ་འབྲས་གལ་ཆེན་དང་། འཕེལ་རྒྱས་ཁོར་ཡུག མཛུབ་ཁྲིད་བསམ་བློ། དམིགས་ཚད་ལས་འགན་སོགས་ཕྱོགས་མང་པོའི་ཐད་ནས་གོ་བ་གཏིང་ཟབ་ལེན་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྒྱ་ཁྱབ་ངང་དྲིལ་བསྒྲགས་སྒྲོག་འགྲེལ་བྱེད་པ། ཞིབ་ཕྲའི་དོན་འཁྱོལ་ལ་སྐུལ་འདེད་བཅས་ཀྱི་ཐད་ཤུགས་བརྒྱབ་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་མདོའི་དམངས་འཐུས་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་ཡོད།

