国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月25日

གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས20ཉིན། གྲོང་ཁྱེར་ཡོངས་ཀྱི2025ལོའི་བུད་མེད་དང་བྱིས་པའི་ལས་དོན་གྱི་མཉམ་འབྲེལ་གྲོས་ཚོགས་འཚོགས་ཏེ། གྲུབ་འབྲས་ཕྱོགས་བསྡོམས་དང་ཉམས་མྱོང་སྤེལ་རེས། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་བུད་མེད་དང་བྱིས་པའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ཡོད་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ཧུང་ཀའོ་ཅན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ཚོགས་འདུའི་ཐོག་བུད་མེད་དང་བྱིས་པའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་ཐོག་གནང་བའི་གཙོ་དོན་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། གཅིག་སྡུད་ཐོག་སྨར་ཁམས་རྫོང་དང་། དཔའ་ཤོད་རྫོང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་བཅས་ཀྱིས་གཏམ་བཤད་སྤེལ་ཡོད།

ཧུང་ཀའོ་ཅན་གྱིས་བུད་མེད་དང་བྱིས་པའི་བྱ་གཞག་ནི་ཏང་དང་རྒྱལ་ཁབ་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་དང་ཡུན་ཕན་དང་འབྲེལ་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཀྱི་མཇུག་བསྡུ་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་བྱེད་པའི་ལོ་ཞིག་ཀྱང་ཡིན་པས། གྲུབ་འབྲས་ལ་ཕྱོགས་བསྡོམས་གཏིང་ཟབ་བྱེད་པ་དང་། གནས་བབ་ལ་དབྱེ་ཞིབ་ནན་ཏན། བུད་མེད་དང་བྱིས་པའི་ལས་དོན་གྱི་གལ་ཆེན་རང་བཞིན་དང་ལས་འགན་འཁུར་སེམས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཤུགས་ཚད་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་བུད་མེད་དང་བྱིས་པའི་ལས་དོན་འཕེལ་རྒྱས་བཀའ་གནད་སེལ་ནས་གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་སྐས་རིམ་གསར་པར་ཞིག་ཏུ་བསྐྱོད་པར་སྐུལ་སྤེལ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཡ་རབས་སྲོལ་བཟང་དར་སྤེལ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་གནང་ཡོད།