国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月25日

ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས།

“ཏང་འཛུགས་མཉམ་སྐྲུན”ལ་བརྟེན་ནས་ས་ཁོངས་འཕེལ་རྒྱས་ཀྱི་མཉམ་ཤུགས་འཕེལ་བར་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱི་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས“མཉམ་སྡོད་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད”འདུ་ཤེས་སུ་བྱེད་པ་དང་ཏང་འཛུགས་མཉམ་སྐྲུན་འབྲེལ་ཐག་ཏུ་བྱས་ཏེ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་ཆབ་མདོར་བཅའ་སྡོད་ཀྲུང་དབྱང(རང་སྐྱོང་ལྗོངས)ཐད་གཏོགས་ཚན་པའི་ཏང་རྩ་འཛུགས་དབར་མཉམ་འགུལ་གཏིང་ཟབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཐོག ཏང་འཛུགས་སྐྱོང་མཉམ་འབྲེལ་དང་། ལས་དོན་མཉམ་སྐུལ། ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས། གཉིས་ཕན་གཉིས་ཁེ་བཅས་ཀྱི་ས་ཁོངས་ཅན་གྱི་ཏང་འཛུགས་སྐྱོང་གི་གཅིག་མཐུན་ཚོགས་པ་རིམ་བཞིན་བསྐྲུན་ནས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

གྲོང་ཁྱེར་ཐད་སྐྱོང་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུ་དེ་ཏང་འཛུགས་མཉམ་སྐྲུན་གྱི་རྨང་གཞིའི་འདུ་འགོད་ཅིག་ཏུ་བརྩིས་ནས། རང་འགུལ་ངང་ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་དང་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སི་ཆབ་མདོ་སྤང་མདའ་གནམ་ཐང་ཡན་ལག་ཀུང་སིས་མཉམ་དུ་གཉེར་བའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཚོགས་འདུ་འཚོགས་ཏེ། མཉམ་སྐྲུན་མཉམ་སྦྱོང་གི“གོམ་པ་དང་པོ”སྤོས་ཡོད། ལས་ཁུངས་ཀྱི་དྲིལ་བསྒྲགས་རྐང་འཛིན་པ་40སྒྲིག་འཛུགས་བྱས་ནས་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པར་དབྱིངས་ཞུགས་རྣམ་པའི་ཞིབ་འཇུག་སློབ་སྦྱོང་བྱེད་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་ས་ཡུལ་དངོས་སུ་སྐྱོད་པ། ཁེ་ལས་ཀྱི་ཏང་འཛུགས་སྐྱོང་འགྲེམས་ཁང་དུ་ལྟ་སྐོར་བྱེད་པ། ཉམས་མྱོང་སྤེལ་རེས་ཚོགས་འདུར་ཞུགས་པ་བཅས་བྱས་ཏེ། “ལས་ཁུངས+ཁེ་ལས”ཕན་ཚུན་དཔྱད་གཞིར་འཛིན་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཏང་འཛུགས་མཉམ་སྐྲུན་གྱི་དགོས་མཁོ་གནད་ལ་འཁེལ་བའི་ངང་སྦྲེལ་མཐུད་ཡོང་བའི་འགན་ལེན་བྱ་ཆེད། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་གིས་ཁག་ཐེངས་བགོས་ནས་ཁྲོན་བོད་ལྕགས་ལམ་ཆབ་མདོ་རྣམ་གྲངས་པུའུ་དང་། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སི་ཆབ་མདོ་སྤང་མདའ་གནམ་ཐང་ཡན་ལག་ཀུང་སི། ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སི་ཆབ་མདོ་ཡན་ལག་ཀུང་སི། གྲོང་ཁྱེར་གནམ་གཤིས་ཅུས་སོགས་ཚན་པ་10ལྷག་ཙམ་དུ་བསྐྱོད་དེ་ཆེད་དོན་བརྟག་ཞིབ་ཐེངས་16བྱས་ནས་ཏང་འཛུགས་སྐྱོང་ལས་དོན་ཁྲོད་ཀྱི་ཚན་པ་ཁག་གི་ཁྱད་ལྡན་ལེགས་ཆ་དང་། གནས་པའི་ཞན་ཆ། མཉམ་སྐྲུན་གྱི་དགོས་མཁོ་བཅས་ཕྱོགས་ཡོངས་ནས་གསལ་རྟོགས་བྱས་ནས་རྗེས་མཐུད་མཉམ་ལས་ལ་འཇུག་སྒོ་ཡང་དག་བཙལ་ཡོད།

གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་སྤྱི་འདོམས་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་ཏང་རྩ་འཛུགས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ཏང་འཛུགས་མཉམ་སྐྲུན་གྱི་གྲུབ་འབྲས་དེ་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་དངོས་སུ་བསྒྱུར་བར་བྱས་ཡོད། ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་ཐེངས་444བྱས་པ་བརྒྱུད། ཁེ་ལས་ལ་ཏང་རྩ་འཛུགས་བཀོད་སྒྲིག་ཚད་ལྡན་དུ་གཏོང་བ་དང་ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རོགས་བྱས་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་ཆེ་རུ་ཕྱིན་ཡོད། ཁེ་ལས་ལ་ཕན་པའི་སྲིད་ཇུས་དྲིལ་བསྒྲགས་ཐེངས་595བྱས་པར་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་ཡོད། ཁེ་ལས་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་ལ་དམིགས་ཏེ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་རྣམ་གྲངས་ཞིབ་མཆན་འགོད་པ་དང་། ལས་མི་བཀོལ་སྤྱོད་འགན་ལེན། རྨང་གཞིའི་སྒྲིག་བཀོད་ཆ་ཚང་སོགས་དཀའ་གནད་དངོས་23ཐག་གཅོད་བྱས་པས་ཁེ་ལས་ལ་ཏང་འཛུགས་མཉམ་སྐྲུན་གྱི་ཕན་འབྲས་དངོས་སུ་ཚོར་ཡོད།