国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月18日

ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཆ་འཕྲིན་ཅན་གྱི“མྱུར་བགྲོད་འཁོར་ལམ”ཤར་གཏོང་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“མཉམ་ལས་དྲ་སྦྲེལ་དམ་ཚགས་སུ་གཏོང་བ་དང་ལག་བསྟར་ཕན་འབྲས་ཆེ་རུ་གཏོང་རྒྱུ”ལྟེ་བར་བྱས་ཏེ། སྲིད་འཛིན་སྡེ་ཚན་དང་། དངུལ་རྩའི་སྒྲིག་གཞི། དྲ་ཚོང་ལས་སྟེགས་བཅས་དང་རང་འགུལ་ངང་སྦྲེལ་མཐུད་ཀྱིས“སྲིད་འཛིན་དང་། དངུལ་རྩ། དྲ་ཚོང་བཅས་ཟུང་འབྲེལ”གྱི་ཕྱོགས་མང་མཉམ་སྒྲུབ་དྲ་རྒྱ་བཙུགས་ནས་ལས་དོན་ལག་བསྟར་བྱེད་པའིི“མྱུར་བགྲོད་འཁོར་ལམ”ནུས་ཤུགས་ཡོད་རྒུས་ཤར་གཏོང་བྱས་པ་རེད།

སྲིད་འཛིན་མཉམ་འགུལ་ཐད། ཁྲིམས་ཁང་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་དོ་དམ་ཡན་ལག་རུ་ཁག་དབར་མཉམ་སྒྲུབ་གྲོས་མཐུན་བཞག་པ་དང་། ལག་བསྟར་བྱ་ཡུལ་དང་འབྲེལ་བ་ཡོད་པའི་རླངས་འཁོར་ཞིབ་བཤེར་བཀག་ཉར་དང་ཆ་འཕྲིན་འདྲི་རྩད་སོགས་འགག་རྩའི་གནད་དོན་ལ་དམིགས་ཏེ། ཕྱོགས་གཉིས་པོའི་ཆ་འཕྲིན་མཉམ་སྤྱོད་ལས་རིམ་དང་མཉམ་འགུལ་ལམ་སྲོལ་ཁ་གསལ་བཟོས་པ་དང་། གྲོང་ཁྱེར་ཁྲལ་དོན་ཅུས་དང་མཉམ་དུ་གྱོད་དཔེའི་མཉམ་འབྲེལ་ཚོགས་འདུ་འཚོགས་ཏེ་ཁྲལ་གྲོན་ཞིབ་རྩིས་སོགས་ལག་བསྟར་གྱི་དཀའ་གནད་བསལ་བ་རེད།

དངུལ་རྩའི་མཉམ་ལས་ཐད། ཁྲིམས་ཁང་གིས་འཛུགས་སྐྲུན་དངུལ་ཁང་དང་། ཞིང་ལས་དངུལ་ཁང་། འགན་བཅོལ་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་སོགས་དང་མཉམ་ལས་གཏིང་ཟབ་བྱས་པ་རེད།