国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月18日

གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས》ཀྱི་ཆེད་དོན་འཆད་ཁྲིད་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས14ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས》ཀྱི་ཆེད་དོན་འཆད་ཁྲིད་གཉེར་ཏེ་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཏན་ཏིག་སྐུལ་འདེད་བཏང་ཡོད་པ་རེད།

གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཝུན་ཧྲན་གྱིས་འཆད་ཁྲིད་གཙོ་སྐྱོང་ཞུས་ཡོད། གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སྒྲོལ་དཀར་འཆད་ཁྲིད་ནང་ཞུགས་ཡོད།

འཆད་ཁྲིད་ལ་ཀྲེ་ཅང་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་འབུམ་རམས་པ་ཁྲེན་ལིན་ལགས་གདན་དྲངས་ཏེ་དྲ་ཐོག་ནས་ཟུར་ཁྲིད་གནང་ཡོད། ཁྲེན་ལིན་ལགས་ཀྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་སྤྱིའི་རྩ་དོན་དང་། སྤྱི་ཚོགས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ། འགན་སྲུང་དང་ལྟ་སྐུལ་སོགས་ཕྱོགས་དྲུག་གི་ཐད་ནས་གསལ་འགྲེལ་བྱས་པ་དེས། གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་བཅའ་ཁྲིམས་དེ་ག་ལག་བསྟར་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་དང་འགོ་ཚུགས་ས་མཁོ་འདོན་བྱུང་ཡོད།

ཀྲང་ཝུན་ཧྲན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་པའི་རྡོ་རིང་བཞེངས་པ་ལྟ་བུའི་དོན་སྙིང་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། ནང་དོན་གཙོ་བོར་དམ་པོར་དམིགས་ཏེ་དགོངས་དོན་ངོ་མ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་བླངས་ནས་བཅའ་ཁྲིམས་ཆབ་མདོར་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་ཡོད།