འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས87པ་དང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཆབ་མདོ་གྲོང་ཁྱེར་གྱི2025ལོའི་འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ཇུས་གཞི》ལ་ཞིབ་འཇུག རྫོང(ཆུས)11གི་འཛད་སྤྱོད་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ལ་གསན་པ་རེད།
ལའོ་ཆིན་འུའུ་ཡིས་མིག་སྔར་ལོ་མཇུག་གི་ལས་དོན་འགག་སྒྲོལ་བྱེད་པའི་འགག་རྩའི་དུས་རིམ་དུ་གནས་ཡོད་པས། རིམ་པ་ཁག་དང་ཚན་པ་ཁག་གིས་མཐའ་ཚད་ཀྱི་བསམ་གཞིགས་བརྟན་པོར་འཛུགས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་འཁུར་བ་དང་། ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་འཛུགས་རྒྱུ་ཏན་ཏིག་གིས་དམ་འཛིན་བྱས་ནས་ཉེན་ཁ་ཚབས་ཆེན་རིགས་ནུས་ལྡན་གྱིས་སྔོན་འགོག་དང་སེལ་བར་བྱེད་དགོས། རྣམ་གྲངས་དོ་དམ་གཏིང་ཟབ་ཏུ་བཏང་སྟེ་མཐུན་རྐྱེན་འགན་སྲུང་ཆེ་རུ་གཏོང་བ་དང་། ཐོན་ཁུངས་ལྷུ་ལག་འཐུས་ཚང་དུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་དེ་ཉིད་ཕན་འབྲས་ཆེ་ཞིང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས། རིམ་པ་རིམ་པར་འགན་འཁྲི་ནན་དཀྲི་བྱས་ཏེ། འགན་འཁྲི་གསལ་ཁྲ་ཅན་དང་མྱུར་ཚད་དུས་གནད་ཅན། ལས་འགན་ཞིབ་ཕྲ་ཅན་གྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཚད་གཞི་མཐོ་ཤོས་དང་། དངོས་ཡོད་བྱ་ཐབས། འགན་འཁྲི་ནུས་ལྡན་བཅས་ཀྱི་ཐོག་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་ཅེས་བསྟན།
ཚོགས་འདུའི་ཐོག་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་ཡོད།

