国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月18日

ལྷ་ཐོག་འདམ་ར།

ཁྲུང་ཁྲུང་སྐེ་ནག་གི་དགུན་དུས་ཀྱི་ཁྱིམ་གཞི།

ཉེ་ཆར། གོ་འཇོ་རྫོང་ལྷ་ཐོག་འདམ་རར་དགུན་སྒྲོལ་བྱེད་པའི་ཁྲུང་ཁྲུང་སྐེ་ནག་མང་པོ་སླེབས་ཡོད། ཁོ་ཚོ་རོང་གཞུང་དང་། ཞིང་ཁ། འདམ་ར་སོགས་སུ་ཟས་འཚོལ་གྱིན་ཅི་དགར་རོལ་ནས་དགུན་གྱི་ཉི་མའི་དྲོ་སྐྱིད་ལོངས་སྤྱོད་བྱེད་ཀྱི་ཡོད། ཁྲུང་ཁྲུང་སྐེ་ནག་ནི་ས་མཐོར་འཚོ་གནས་བྱེད་པའི་ཁྲུང་ཁྲུང་འབའ་ཞིག་གི་གྲས་ཤིག་ཡིན་པས“འདབ་ཆགས་རིགས་ཀྱི་དོམ་ཁྲ”ཞེས་འབོད་ཀྱི་ཡོད་ལ་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་རེད།

ཉེ་བའི་ལོ་ཤས་རིང་། གོ་འཇོ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་བྱ་ཐབས་སྣ་མང་སྤྱད་དེ་མཐོ་སྒང་གི་ས་གཙང་འདི་སྲུང་སྐྱོབ་བྱས་ཡོད།