སྤྱི་བདེ་པུས་གསར་དུ་བཏོན་པའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི“དོན་དག་གཅིག་ལས་ཕྱོད་ཆེན་པོས་སྒྲུབ་པའི”སྒྱུར་བཅོས་བྱ་ཐབས་ཁག་བདུན།
སྲིད་དོན་ཞབས་ཞུ་ལེགས་སུ་གཏོང་བ་དང“དོན་དག་གཅིག་ལས་ཕྱོད་ཆེན་པོས་སྒྲུབ་པར”སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི་2025ལོ་འཁོར་གྱི“དོན་དག་གཅིག་ལས་ཕྱོད་ཆེན་པོས་སྒྲུབ་པའི”གཙོ་གནད་ལས་དོན་དོན་འཁྱོལ་བྱ་ཆེད། ཟླ་11ཚེས་1ཉིན་ནས་བཟུང་། སྤྱི་བདེ་པུས་རྒྱལ་ཡོངས་སུ་རྒྱལ་ཐོན་འགྲུལ་འཁོར་ཆུང་གྲས་གསར་པར་འཁོར་རྟགས་བསྒར་བའི“དོན་དག་གཅིག”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་དུས་མཚུངས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི“དྲ་གཅིག་ཀུན་སྒྲུབ”ཞབས་ཞུའི་བྱ་ཐབས་གསར་པ་ཁག་6བཏོན་ཏེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཞབས་ཞུའི་སྤུས་འབྲས་སྔར་བས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་ཕྱིར་སྐྱོད་ལ་ཞབས་ཞུ་སྔར་བས་ཡག་པོ་བསྒྲུབ་རྒྱུ་རེད།
རྒྱལ་ཐོན་འགྲུལ་འཁོར་ཆུང་གྲས་གསར་པར་འཁོར་རྟགས་བསྒར་བའི“དོན་དག་གཅིག”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ།
མང་ཚོགས་ཀྱིས་རླངས་འཁོར་ཉོས་ཏེ་འཁོར་རྟགས་བསྒར་བར་སྟབས་བདེ་བསྐྲུན་ཏེ་རླངས་འཁོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་བ་དང་། འཁོར་རིགས་ཐོ་འགོད་དང་འཕྲུལ་སྒུལ་འཁོར་རིགས་ཀྱི་ཚད་མཐུན་ལག་ཁྱེར་དང་བཙོངས་འཛིན་སོགས་ཀྱི་ཆ་འཕྲིན་དྲ་སྦྲེལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་འཁོར་རིགས་ཐོན་སྐྱེད་དང་། ཕྱིར་ཚོང་། འགན་བཅོལ་སོགས་ལྷུ་ཚིགས་འབྲེལ་མཐུད་ལེགས་སུ་བཏང་བ་རེད།
འཁོར་འབྲེལ་ཧྲིལ་པོའི་ཆ་འཕྲིན་མཉམ་སྤྱོད་ཀྱིས་ལས་སྒྲུབ་ཡིག་ཆ་ཉུང་དུ་བཏང་བ།
བཟོ་འཕྲིན་དང་། ཁྲལ་དོན། དངུལ་རྩ་ལྟ་འདོམས་སོགས་སྡེ་ཚན་གྱི་ཆ་འཕྲིན་དང་དྲ་སྦྲེལ་བྱས་ཏེ། དེ་སྔའི་སྡེ་ཚན་མི་འདྲ་བ་ནས་འདོན་སྤྲོད་བྱས་པ་དང་མང་ཚོགས་ཀྱིས་མཁོ་འདོན་བྱེད་དགོས་པའི་ཤོག་བུའི་ཡིག་ཆ་ཚང་མ་གློག་རྡུལ་ཅན་དུ་བསྒྱུར་ནས་བརྒྱུད་སྤྲོད་ཞིབ་བཤེར་བྱེད་པ་དང་། རླངས་འཁོར་གསར་པ་འཁོར་རྟགས་བསྒར་བའི་ལས་སྒོ་གྲངས་འཛིན་གྱི་སྒོ་ནས་གཉེར་ཐུབ།
གཅིག་འཐུས་རྣམ་པའི་རླངས་འཁོར་གསར་པར་འཁོར་རྟགས་བསྒར་བས་ལས་སྒྲུབ་ཀྱི་དུས་ཡུན་ཐུང་དུ་བཏང་བ།
རྒྱལ་ཡོངས་གཅིག་གྱུར་གྱི“འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཨང་གྲངས་12123”གྱི་APPལ་བརྟེན་ནས་དྲ་ཐོག་ཏུ་ཨང་རྟགས་འདེམས་པ་དང་། འཁོར་རྟགས་བསྒར་བའི་ཞབས་ཞུ་དང་རླངས་འཁོར་འདེམས་པ། འགན་བཅོལ་ཉོ་བར་སྦྲེལ་མཐུད་སོགས་ཀྱི་ཞབས་ཞུ་གཅིག་ཏུ་བསྡུས་ནས་མང་ཚོགས་ཀྱིས་མཉམ་སྦྲེལ་དྲ་རྒྱའི་མཐའ་སྣེའི“དྲ་ངོས་གཅིག་ནས”སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་ལས་སྒོ་གཉེར་བ་དང་ས་ཚིགས་གཅིག་ཏུ་ཨང་རྟགས་འདེམས་པ་དང་འཁོར་རྟགས་བསྒར་བའི་ལས་སྒོ་སྒྲུབ་པར་སྟབས་བདེ་བསྐྲུན་ཡོད།
འདུས་གྲུབ་རྣམ་པའི་དྲ་གཅིག་ཀུན་སྒྲུབ་ལས་ལས་སྒྲུབ་ཀྱི་ལྷུ་ཚིགས་ཉུང་དུ་བཏང་བ།
“འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཨང་གྲངས་12123”གྱི་APPསྤྱད་ཚེ་མང་ཚོགས་ཁྱིམ་ནས་དོན་མི་དགོས་པར་དྲ་ཐོག་ནས་ལས་རིམ་ཡོངས་འཕྲལ་མར་སྒྲུབ་ཐུབ་ལ། འཁོར་རྟགས་དང་ལག་ཁྱེར་ཡང་ཁྱིམ་དུ་བསྐུར་གྱི་ཡོད།
སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི“དྲ་གཅིག་ཀུན་སྒྲུབ”ཞབས་ཞུའི་བྱེད་ཐབས་གསར་པ་དྲུག་བཏོན་པ།
01 འཕྲུལ་སྒུལ་འཁོར་རིགས་ཀྱི་གཏའ་འཇོག་ཐོ་འགོད་མེད་པར་བཟོས་པ།
“འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཨང་གྲངས་12123”གྱི་APPདང་འཕྲིན་ཐུང་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བར་དྲ་ཐོག་ཏུ་ཐད་ཀར་གཏའ་འཇོག་ཐོ་འགོད་མེད་པར་བཟོ་ཆོག་པས་སྐར་ཁུང་དུ་སྒྲུབ་གཉེར་བྱེད་པར་འགྲོ་དགོས་མེད་པ།
02 འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་གསབ་བརྗེ་དང་གསར་པ་ལེན་པ།
“འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཨང་གྲངས་12123”གྱི་APPནས་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐོ་འགོད་ལག་ཁྱེར་གསབ་བརྗེ་དང་གསར་ལེན་རེ་ཞུ་བྱེད་ཆོག
03 འཕྲུལ་སྒུལ་འཁོར་རིགས་ཀྱི་ཐེམ་ཐོའི་ཆ་འཕྲིན་དྲ་ཐོག་ནས་བསྐུར་སྟངས།
རླངས་འཁོར་གྱི་ཐེམ་ཐོ་སྤོ་ས་ནས་ཐད་ཀར་འཕྲུལ་སྒུལ་འཁོར་རིགས་ཀྱི་ཐེམ་ཐོ་སྒྱུར་རྒྱུའི་རེ་ཞུ་དང་སྒྲུབ་གཉེར་བྱེད་ཆོག་པས། ཐེམ་ཐོ་སྒྱུར་ས་ནས་རླངས་འཁོར་ལ་སླར་ཡང་ཞིབ་བཤེར་བྱེད་མི་དགོས་པ་དང་ཤོག་བུའི་ཡིག་ཚགས་ལེན་ཆོག
04 ཁ་ལོ་བའི་ཡིག་རྒྱུགས་ལས་སྒོ་གཉེར་སྟངས།
སྔོན་མངགས་བྱས་པའི་དུས་ཚོད་ནང་ཁ་ལོ་བའི་ཡིག་རྒྱུགས་ནང་ཞུགས་མ་ཐུབ་ཚེ“འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཨང་གྲངས་12123”ཡི་APPབརྒྱུད་ཉིན་གཅིག་གི་སྔ་སྣུར་དུ་ཡིག་རྒྱུགས་མེད་པ་བཟོ་ཆོག ཡིག་རྒྱུགས་ལ་མིང་ཐོ་བཀོད་རྗེས་རླངས་འཁོར་སྒྱུར་དགོས་ན“འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཨང་གྲངས་12123”ཡི་APPབརྒྱུད་སྒྲུབ་གཉེར་བྱེད་ཆོག
05 སློབ་འཁོར་ཁ་ལོ་བའི་ཐོབ་ཐང་རེ་ཞུ་བྱེད་སྟངས།
“འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཨང་གྲངས་12123”APPབརྒྱུད་སློབ་འཁོར་ཁ་ལོ་བའི་ཐོབ་ཐང་རེ་ཞུ་བྱེད་ཆོག་པ་དང་ཤོག་བུའི་རེ་ཞུའི་དཔྱད་ཡིག་སྤྲོད་མི་དགོས།
06 སྐྱེལ་འདྲེན་རླངས་འཁོར་ཆེ་གྲས་ཀྱི་གནས་སྐབས་འཁོར་རྟགས་ལེན་སྟངས།
གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས“འགྲིམ་འགྲུལ་དོ་དམ་ཞབས་ཞུའི་ཨང་གྲངས་12123”APPབརྒྱུད་ཁེ་ལས་གནས་སའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཚན་ནས་རླངས་འཁོར་གྱི་འཁོར་རྟགས་སླར་ཡང་རེ་ཞུ་བྱེད་ཆོག་པ་དང་ཤོག་བུའི་རེ་ཞུའི་དཔྱད་ཡིག་སྤྲོད་མི་དགོས།
དོན་ཚན་བདུན་གྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི“དོན་དག་གཅིག་ལས་ཆོད་ཆེན་པོས་སྒྲུབ་པའི”སྒྱུར་བཅོས་བྱེད་ཐབས་2025ལོའི་ཟླ་11ཚེས་1ཉིན་ནས་ལག་བསྟར་བྱས་ཡོད།
སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས།
(བོད་ལྗོངས་ཁྲིམས་ལུགས་ཚགས་པར་ལས་བདམས)

