འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་དང་སྐྱེ་ཁམས་ཐོན་ཁུངས་བདེ་འཇགས་སྲུང་སྐྱོབ་བྱ་ཆེད། ཉེ་ཆར། གོ་འཇོ་རྫོང་ནགས་ལས་ཅུས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་དང་། སྐོར་གཡེང་དང་དེ་བཞིན་འཕྲལ་སྡོམ་ནང་སྦྱོང་སོགས་ཀྱི་ཐད་ལ་ནུས་ཤུགས་བཏོན་ནས་མེ་ཟོན་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་བསྐྲུན་ཡོད་པ་རེད།
ཚན་པ་དེ་གའི་དྲིལ་བསྒྲགས་མི་སྣ་ཤང་གྲོང་དང་གྲོང་ཚོར་བསྐྱོད་དེ་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་མེ་འགོག་སྲོལ་ཡིག》སོགས་རྩ་ཁྲིམས་དང་བཅའ་ཁྲིམས་ཁྱབ་གདལ་དུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་དང་དེ་བཞིན་ཁྲིམས་འགལ་ངང་མེ་སྤྱོད་པར་འགན་འཁུར་དགོས་པའི་ལས་འགན་བཅས་གསལ་བཤད་བྱས་ཡོད་པ་རེད།

