国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月14日

ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་འཇོ་མདའ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

“ཁྲོམ་འདོན་ས”རྣམ་པ་ལ་བརྟེན་ནས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

མེ་ཟོན་མི་སྣས་མང་ཚོགས་ལ་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས12ཉིན། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་འཇོ་མདའ་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས“དམངས་ཡོངས་ཀྱི་མེ་ཟོན། ཚེ་སྲོག་གོང་དུ་བཀུར། —— བདེ་འཇགས་ངང་མེ་དང་གློག་སྤྱོད་པ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་ནས་སྐར་དམར་ཐང་ཆེན་དུ“ཁྲོམ་འདོན་ས”རྣམ་པ་ལ་བརྟེན་ནས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ཡུལ་དངོས་སུ་མེ་ཟོན་དྲིལ་བསྒྲགས་མི་སྣས་སྦྱར་ཡིག་འགེལ་བ་དང་། ཚན་རྩལ་དཔྱད་ཡིག་བཀྲམས་པ། བློ་འདྲི་སྟེགས་བུ་བཙུགས་པ་སོགས་ཀྱི་ཐོག་ནས་དྲིལ་བསྒྲགས་གཡུལ་ས་བཙུགས་ཏེ་ཕར་འགྲོ་ཚུར་འོང་བྱེད་པའི་མང་ཚོགས་ལ་རྒྱ་བོད་སྐད་གཉིས་ཀྱི་མེ་ཟོན་ལག་དེབ་དང་། བདེ་འཇགས་བརྡ་སྦྱོར་སོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་སྤྲད་པ་དང་། དེའི་ནང་ཨར་ལས་ཀྱི་མེ་སྤྱོད་ལས་སྒྲུབ་དང་། གྲོང་མིའི་འཚོ་བའི་མེ་སྤྱོད། གློག་རླངས་བདེ་འཇགས། གློག་སྒུལ་རྐང་འཁོར་གྱི་གློག་གསོག ཐ་མག་འཐེན་ནས་མེ་སྐྱོན་ཐོན་པ་སོགས་ཀྱི་ནང་དོན་འདུས་ཡོད།