འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།ཟླ11པའི་ཚེས6ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་ཧྭ་ནན་ཟླ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཚད་ཡོད་ཀུང་ཟིའི་སྤྱི་ཁྱབ་ཅིང་ལི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཡུས་ཧྲུའུ་ཧུང་དང་བཅས་པར་བཞུགས་མོལ་གནང་ནས་ཕྱོགས་གཉིས་ཀྱིས་ནུས་རྒྱུ་གཙང་མའི་གསར་སྤེལ་འཛུགས་སྐྲུན་ཐད་སྤེལ་རེས་གཏིང་ཟབ་བྱས་ཡོད།
ལའོ་ཆིན་འུའུ་ཡིས་ཧྭ་ནན་ཟླ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཚད་ཡོད་ཀུང་ཟི་ཡིས་དུས་ཡུན་རིང་པོའི་ནང་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་ཁྲིད་སྟོན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་ཆབ་མདོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཡོད་པས། ཆབ་མདོས་ཧྭ་ནན་ཟླ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་ཚད་ཡོད་ཀུང་ཟི་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་ནུས་རྒྱུ་གཙང་མའི་གསར་སྤེལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན།

