国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月14日

ཆབ་མདོ་གྲོང་ཁྱེར་གྲོང་ཁྱེར་གྱི་སྲོག་རྩའི་སྒྲིག་བཀོད་ཆེད་དོན་ཞིབ་བཤེར་དང་གྲོང་ཁྱེར་གྱི་ཞིབ་བཤེར་གྲུབ་འབྲས་སྙན་སེང་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆབ་མདོ་གྲོང་ཁྱེར་གྱི2025ལོའི་གྲོང་ཁྱེར་གྱི་སྲོག་རྩའི་སྒྲིག་བཀོད་ཆེད་དོན་ཞིབ་བཤེར་དང་གྲོང་ཁྱེར་གྱི་ཞིབ་བཤེར་གྲུབ་འབྲས་སྙན་སེང་ཚོགས་འདུ་འཚོགས་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། དུས་རིམ་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་ཡོད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཚོགས་འདུ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད།

ལའོ་ཆིན་འུའུ་ཡིས་ཞིབ་བཤེར་སྙན་ཞུའི་ཐོག་མའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་གྲོང་ཁྱེར་གྱི་སྲོག་རྩའི་སྒྲིག་བཀོད་ཆེད་དོན་ཞིབ་བཤེར་ལས་དོན་ནི་གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྨང་གཞི་རང་བཞིན་གྱི་འདུ་འགོད་ཞིག་ཀྱང་ཡིན། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཞིབ་བཤེར་གྲུབ་འབྲས་དེ་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་བཀོལ་སྤྱོད་སྔར་བས་གཏིང་ཟབ་བཏང་ནས་སྡོད་འཚམ་དང་། བདེ་འཇགས། ཐེག་ནུས་རང་བཞིན་བཅས་ཀྱི་དེང་རབས་ཅན་གྱི་ཆབ་མདོ་གསར་པ་ཞིག་སྔར་བས་འཛུགས་སྐྲུན་བྱེད་དགོས་ཅེས་བསྟན།

ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་གྱི་ཞིབ་བཤེར་སྙན་ཞུ་དེ“འཆར་འགོད་རི་མོ”དང“ཨར་ལས་རེའུ་མིག”ཅིག་ཏུ་བརྩིས་ཏེ་ཞིབ་བཤེར་ལས་ཐོན་པའི་གནད་དོན་དམིགས་ནས་གལ་འགངས་ཆེ་ཆུང་དབྱེ་བ་གསལ་པོ་ཕྱེས་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས། གྲོང་ཁྱེར་གྱི་ཞིབ་བཤེར་ལས་དོན་དམ་འཛིན་བྱ་གཞིར་བརྩིས་ཏེ་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་འགག་གནད་དང་དཀའ་གནད་ཏན་ཏིག་གིས་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྔོན་ཐོན་གྱི་ཉམས་མྱོང་དང་བྱ་ཐབས་དཔྱད་གཞི་བཟུང་ནས་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ཧུར་ཐག་ལག་ལེན་བསྟར་བ་དང་། གྲོང་ཁྱེར་གྱི་གྲངས་འཛིན་ཅན་དུ་བསྒྱུར་བར་མགྱོགས་སུ་གཏོང་བ་བཅས་བྱས་ནས། གསོན་ཤུགས་ལྡན་པའི་གསར་གཏོད་གྲོང་ཁྱེར་ཞིག་འཛུགས་སྐྲུན་བྱེད་དགོས་པའི་ནན་བཤད་གནང་ཡོད།

ཧྲེ་ཀྲང་གཞོན་པ་མིག་ཚེ་ཡིས་ཚོགས་འདུ་གཙོ་སྐྱོང་ཞུས་ཡོད།