国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月14日

ཧྥུའུ་ཅན་དང་བོད་ལྗོངས་ལག་གདང་སྦྲེལ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད།

ཉིན་ཤས་གོང་། “ཧྥུའུ་ཅན་དང་བོད་ལྗོངས་ལག་གདང་སྦྲེལ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད—‘ཧྥུའུ་ཅན་ལུང་ཡན་དང་བོད་ལྗོངས་དཔལ་འབར’གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་འགྲེམས་སྟོན་སྤེལ་རེས་བྱེད་སྒོ”ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་རྟེན་མཛོད་ཁང་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཧྥུའུ་ཅན་ཞིང་ཆེན་ལུང་ཡན་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པའི་འཐུས་མི་དང་མངོན་མིན་རིག་གནས་ཤུལ་བཞག་ལ་དགའ་པོ་བྱེད་མཁན། དེ་བཞིན་གཞོན་ནུ་ལོ་ཆུང་སློབ་མ་སོགས་མི་བརྒྱ་ལྷག་ཙམ་མཉམ་དུ་འཛོམས་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་པ་རེད། བྱེད་སྒོ་དེ་བརྒྱུད་ས་གནས་གཉིས་པོའི་མངོན་མིན་རིག་གནས་ཤུལ་བཞག་ལས་བཀྲག་མདངས་འཚེར་ནས་མི་དེ་བས་མང་བས་ས་ཁོངས་མི་འདྲ་བའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མྱོང་རོལ་ཐུབ་པར་བྱས་པ་རེད།