国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月07日

ཆབ་མདོའི་ཚན་པ་མང་པོ་མཉམ་འབྲེལ་སྒོས་བརྗོད་དོན་ གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས29ཉིན་དགུ་པའི་ཚེས་དགུའི་དུས་ཆེན་སླེབས་ལ་ཉེ་བའི་མཚམས་སུ། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སི་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་སྡེ་ཁག་གི་ཏང་ཀྲི་པུའུ་དང་། གློག་གཏོང་འཁོར་སྐྱོད་ཞིབ་བཤེར་ལྟེ་གནས་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་ནད་ཚན་ཁག་ཏང་ཀྲི་པུའུ་དང་། ཀྲུང་གུང་ཆབ་མདོ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་ཁུངས་ཏང་གི་སྤྱི་ཁྱབ་ཀྲི་པུའུ། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཚད་བརྒལ་གློག་ཆེན་ཡན་ལག་ཀུང་སི་ཆབ་མདོའི་འཁོར་སྐྱོད་ཞིབ་བཤེར་ཉིང་ལག་རུ་ཁག་ཏང་ཀྲི་པུའུ་བཅས་དང་མཉམ་འབྲེལ་བྱས་ཏེ། ཆབ་མདོ་གྲོང་ཁྱེར་རྒན་བཀུར་ཁང་དུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

ཐེངས་འདིའི་བྱེད་སྒོ་ཡིས“གནད་འཕིགས་ཞབས་ཞུ་བྱ་རྒྱུ”ལྟེ་བར་བཟུང་ཞིང་། “དངོས་ཟོག+ཞབས་ཞུ+སྙིང་སྟོབས”བཅས་ཀྱི་ཐུགས་ཁུར་མ་ལག་གསུམ་བཙུགས་ཏེ་དགུན་དྲོ་ལེགས་སྐྱེས་ཆེན་མོས་དྲོད་ཁོལ་བསྐྱལ་བ་རེད།