འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས4ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ལའོ་ཆིན་འུའུ་ཡིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་ཆུང་ཚོགས་འདུ་གཙོ་སྐྱོང་གནང་ནས་《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པར་ཆེད་དོན་སློབ་སྦྱོང་བྱས་པ་རེད།
ཚོགས་འདུའི་ཐོག་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཅང་ཕིང་ལགས་གདན་དྲངས་ཏེ་ཆེད་དོན་ཟུར་ཁྲིད་བྱས་པ་དང་། ཅང་ཕིང་གིས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་མ་ལག ལག་ལེན་བླང་བྱ་བཅས་ཕྱོགས་གསུམ་གྱི་ཐད་ནས་གསལ་འགྲེལ་གཏིང་ཟབ་བསྐྱོན་པ་རེད།
ལའོ་ཆིན་འུའུ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་སྐབས། སྲིད་གཞུང་ཁོངས་གཏོགས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”ཆེ་རུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔོན་ལ་གོམ་པ་གང་སྤོ་བ་དང་། དེ་བས་གཏིང་ཟབ་པ་སྦྱངས་ནས་ཏན་ཏིག་གིས་སློབ་སྦྱོང་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་བསམ་ཕྱོགས་བྱ་ཐབས་དང་། གནད་དོན་ཐག་གཅོད་པའི་དངོས་ཡོད་ནུས་པ། དོན་འཁྱོལ་དམ་འཛིན་བྱེད་པའི་ལས་ཀའི་སྤྱོད་ཚུལ་བཅས་སུ་འགྱུར་བ་བྱེད་དགོས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་ཆེ་རུ་གཏོང་བ་དང་། རྣམ་གྲངས་མ་འཇོག་དང་ཐོན་ལས་འཕེལ་རྒྱས། དམངས་འཚོར་འགན་སྲུང་བཅས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ནས།“ལོ་ལྔ་ཚན་བཅུ་བཞི་པ”མཇུག་ཡག་པོ་བསྡུ་བར་འགན་ལེན་བྱེད་པ་དང་“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པར་རྨང་གཞི་བརྟན་པོ་གཏོང་དགོས་པའི་ནན་བཤད་གནང་ཡོད།

