འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ད་ལོ་ཚུན། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་གློག་འདོན་ཞབས་ཞུའི་དཀའ་གནད་དང་འགག་གནད་ལ་དམིགས་ཏེ། “མངོན་གསལ་དོད་པོ་བཞིའི”ལས་ཀའི་བྱ་ཐབས་གསར་གཏོད་ཀྱིས་ལག་ལེན་བསྟར་ནས་གློག་གཏོང་ཞབས་ཞུའི་སྤུས་འབྲས་ལེགས་གཉེར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།
“ཚུགས་གནས་མཐོ་པོ”མངོན་གསལ་དོད་པོ་ཡོང་བར་བྱས་ནས་མཁོ་སྤྲོད་འགན་ལེན་གྱི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་ཞིང་། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་ད་ལོའི་ཟླ་བ་7པར་རི་བོ་ཆེ་དང་། སྟེང་ཆེན། ལྷོ་རོང་། དཔལ་འབར་བཅས་རྫོང་4ཡི་གློག་བཀག་ནས་ཞིབ་བཤེར་དང་ཉམས་བཟོའི་འགྲན་སློང་ཆེན་པོར་དམིགས་ཏེ། “སྲིད་གཞུང་དང་ཁེ་ལས་ཀྱིས་མཐུན་སྦྱོར་དང་། འཕྲལ་སྡོམ་གློག་གཏོང་། ཆུ་གློག་ཆུང་གྲས་ཀྱི་གསབ་རེས་བཅས་ཟུང་དུ་འབྲེལ་བའི”ཕྱོགས་ཡོངས་ཀྱི་མཁོ་སྤྲོད་འགན་ལེན་མ་ལག་འཛུགས་པ་དང་། “ཞིབ་བཤེར་དང་ཉམས་བཟོའི་ཇུས་གཞི་སྔོན་སྦྱོང་དང་མང་ཚོགས་ཀྱི་རེ་འདུན་སྔོན་དུ་འཇོག་པ་ཟུང་དུ་འབྲེལ་བ”སོགས་ཀྱི་ལས་ཀའི་རྣམ་པ་གསར་གཏོད་ཀྱིས་ལག་ལེན་བསྟར་ཏེ། ཉིན་14རིང་ཞིབ་བཤེར་དང་ཉམས་བཟོའི་ལས་འགན་ལེགས་སྒྲུབ་བྱས་ཡོད། སྤྱོད་མཁན་གལ་ཆེན་གྱི“དུད་ཚང་རེ་ལ་ཇུས་གཞི་རེའི”གློག་འགན་ལེན་ཇུས་གཞི་བཟོས་པ་དང་བྱེད་སྒོ་གལ་ཆེན་ཐེངས་89ལ་གློག་མཁོ་འདོན་གང་ལེགས་བྱས་ཡོད།
“བཀོལ་སྤྱོད་བདག་སྐྱོང་ཆེན་པོ”མངོན་གསལ་དོད་པོ་ཡོང་བར་བྱས་ནས་གློག་མཁོ་འདོན་གྱི་བློས་འཁེལ་རང་བཞིན་ཆེ་རུ་བཏང་ཞིང་། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས“གློག་ཡང་སེ་ཆད་པ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད”གཏིང་ཟབ་སྤེལ་བ་ལས་སྐྱོན་སེལ་ཚད་78.27%འཕར་བ་དང་། གློག་བཀག་མི་དགོས་པའི་ལས་སྒྲུབ་ལག་རྩལ་དུས་མཉམ་དུ་ཁྱབ་གདལ་བཏང་སྟེ། རིམ་རྩིས་བརྒྱབ་ན་གློག་བཀག་མི་དགོས་པའི་ལས་སྒྲུབ་ཐེངས་110བྱས་པ་དང་སྤྱོད་མཁན་གྱི་གློག་བཀག་པའི་དུས་ཡུན་ཆུ་ཚོད་396.4ཐུང་དུ་བཏང་ཡོད། གློག་དྲ་བཀོད་སྒྲིག་རང་འགུལ་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་གློག་བགོས་རང་འགུལ་ཅན་གྱི་མཐའ་སྣེ་461མང་དུ་བཏང་བས། གློག་དྲ་བཀོད་སྒྲིག་རང་འགུལ་ཅན་ཁྱབ་ཚད་དུས་མཚུངས་ལས་30.79%ཆེ་རུ་ཕྱིན་ནས“གཞན་དབང་གི་མྱུར་བཟོ”ནས“རང་འགུལ་གྱི་སྔོན་འགོག”བར་འགྱུར་ལྡོག་བྱུང་ཡོད།
“ཞབས་ཞུ་ལེགས་སུ་གཏོང་རྒྱུ”མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཚོང་ཤག་གི་བློ་ཡིད་ཚིམས་ཚད་ཆེ་རུ་་བཏང་ཞིང་། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་ཚོང་ཤག་གི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ཏེ། གློག་འདོན་ཞབས་ཞུའི་ས་ཚིགས་28བཙུགས་པ་དང་། དྲ་རྒྱ་153དབྱེ་བ། དྲ་རྒྱའི་སྤྱི་གཉེར་153བཀོད་སྒྲིག་བྱས་པ་རེད། གློག་འདོན་ཞབས་ཞུའི་གསོ་སྦྱོང་ལས་དོན་སྤེལ་ཏེ་མི་ཐེངས་1801གསོ་སྦྱོང་བྱས་པ་དང་ཞབས་ཞུའི་རྣམ་འགྱུར་དང་སྐྱོན་ཤོར་བ་མྱུར་བཟོ་བྱེད་ཡུན་རིང་པོ་དགོས་པ་སོགས་མཐའ་ཚད་ཀྱི་གནད་དོན་དུས་མཚུངས་ལས་37.5%ཉུང་དུ་ཕྱིན་ཡོད།
“སྔོན་འགོག་དང་ཚོད་འཛིན་ནན་པོ་བྱེད་པ”མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྒྲུབ་སྐུལ་གདུབ་ཟུམ་དོ་དམ་འགན་ལེན་བྱས་ཤིང་། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས“གློག་དྲའི་པར་རིས་གཅིག”དང“གློག་དྲ་བཀོད་སྒྲིག་རང་འགུལ་ཅན”གྱི་མ་ལག་ལ་བརྟེན་ནས“སྔོན་བརྡ་གཏོང་བ་དང་། སྒྲུབ་སྐུལ་བྱེད་པ། འགན་འཁྲི་བདའ་འདེད་གཏོང་བ”བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་དོ་དམ་མ་ལག་བཙུགས་ཡོད། གློག་བཀག་རྒྱུའི་ཆ་འཕྲིན་གནད་སྨིན་ངང་གཏོང་ཐུབ་པ་བྱས་པ་དང་། རེ་ཞུ་དང་སྔོན་བརྡ་གཏོང་བའི་ལམ་སྲོལ་བཙུགས་པ། མཐའ་ཚད་གནད་དོན་ཆེད་དོན་སྒྲུབ་སྐུལ་བྱས་པ། ཞབས་ཞུའི་རྣམ་འགྱུར་དང་ས་གནས་ས་ཐོག་ཏུ་དུས་ཐོག་མ་འབྱོར་བ་སོགས་ཀྱི་གནད་དོན་ལ་འགན་འཁྲི་རྩད་གཅོད་དང་བདའ་འདེད་བཏང་ནས་གློག་གཏོང་ཞབས་ཞུའི་ལས་ཕྱོད་ཆེ་བའི་གདུབ་ཟུམ་དོ་དམ་ཡོང་བའི་འགན་ལེན་བྱས་ཡོད།

