国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月07日

བོད་ཀྱི་མི་དམངས་སྨན་ཁང་དང་པོས།

ལོ་ངོ་དོན་གསུམ་རིང་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་པ།

2025ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ60ཏག་ཏག་འཁོར་བར་འཁེལ་བ་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བཙུགས་ནས་ལོ73འཁོར་བར་བསུས་ཡོད།

1951ལོའི་ཟླ8པར། བོད་ལྗོངས་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་རུ་ཁག་གིས་རིན་མེད་ངང་ཕྱི་ཕྱོགས་སྒོ་འབྱེད་བྱས་ཏེ་མི་རིགས་ཁག་གི་སྤུན་ཟླར་སྨན་བཅོས་མཁོ་སྤྲོད་བྱས་པ་རེད།

1951ལོའི་ཟླ12པར།“བོད་ལྗོངས་ཆབ་མདོ་མི་དམངས་སྨན་བཅོས་ཁང”གི་སྒོ་བྱང་དངོས་སུ་འགེལ་བ་རེད།

1952ལོའི་ཟླ9པར། ཆབ་མདོ་ས་ཁུལ་མི་དམངས་སྨན་ཁང་དངོས་སུ་བཙུགས་པ་དང་། འདི་ནི་ཏང་དང་སྲིད་གཞུང་གིས་བོད་དུ་བཙུགས་པའི་སྨན་ཁང་དང་པོ་དེ་ཡིན། དེས་བོད་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཁྲོད་དོན་སྙིང་གལ་ཆེན་ལྡན་པ་མ་ཟད་མི་དམངས་ཀྱི་བདེ་སྐྱིད་མཐོར་འདེགས་གཏོང་བའི་ལས་འགན་དེ་བས་ཕྲག་ཏུ་འཁུར་ཡོད།

“ཀྲུང་དབྱང་འཕྲོད་བསྟེན་པུའུ་ཆབ་མདོའི་མི་རིགས་འཕྲོད་བསྟེན་ལས་དོན་རུ་ཆེན་གྱི་མི108ཆབ་མདོར་འབྱོར་ཏེ་དམག་སྡེ་བཅོ་བརྒྱད་པའི་འཕྲོད་བསྟེན་རུ་ཁག་དང་གཅིག་སྒྲིལ་བྱས་མཐར། སྨན་ཁང་གི་ལས་བཟོ་པ134འཕར་སྣོན་བྱུང་ཞིང་ཆེད་ལས་མི་སྣའི་གྲལ་མཉམ་པ་དང་། སྨན་བཅོས་ལག་རྩལ་སྟོབས་ཤུགས་ཆེ་བས་ནང་ནད་ཚན་ཁག་དང་། ཕྱི་ནད་ཚན་ཁག དབང་ལྔའི་ཚན་ཁག སྐྱི་པགས་ཚན་ཁག ཀྲུང་ལུགས་སྐམ་ཁབ་ཚན་ཁག་སོགས་བཙུགས་པ་རེད།”ཅེས་སྨན་ཁང་གི་དེ་སྔའི་ཏང་ཨུད་ཧྲུའུ་ཅི་ཡོན་ཀྲང་གཞོན་པ་འཇམ་དབྱངས་ཚེ་འཕེལ་གྱིས་དེ་ལྟར་བཤད།

སྨི་གྲུ་བཞི་མ15ཡོད་པའི་གྱན་གཅིག་ཅན་གྱི་དམངས་སྡོད་སྨན་དོན་ཁང་ནས་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི9ཟིན་པའི་དེང་རབས་ཅན་གྱི་མི་དམངས་སྨན་ཁང་གི་བར་དང་། རྐང་ཐང་གིས་ཐག་རིང་ལུང་ཁུག་ཏུ་བསྐྱོད་དེ་མང་ཚོགས་ཀྱི་ནད་ལ་ལྟ་བ་ནས་དྲ་ཐོག་ནས་ཐོ་འགོད་ཀྱིས་ནད་ཀྱི་རྒྱུ་མཚན་འདྲི་བའི་བར། གཞི་རྩའི་འགན་སྒྲུབ་ཚན་ཁག་ཁ་ཤས་ནས་དངོས་བཅོས་སྨན་བཅོས་ལག་རྩལ་ཚན་ཁག26བར། ཆེས་ཐོག་མའི་ལས་བཟོ་པ26ནས་ད་ལྟའི་ལས་བཟོ་པ700ལྷག་བར།

ལོ་ངོ73རིང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཐོག་མའི་འཛུགས་གཏོད་དང་། འཕེལ་རྒྱས། དེང་རབས་ཅན་གྱི་རྣམ་པར་བསྒྱུར་བའི་དུས་རིམ་གསུམ་བརྒྱུད་ཡོད།

2018ལོར། “ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང”ལེགས་གྲུབ་བྱུང་།

སྨན་ཁང་བཙུགས་ནས་ད་ལྟའི་བར། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གིས“མི་དམངས་སྨན་ཁང་གིས་མི་དམངས་ཆེད་ཡིན་པའི”ཞབས་ཞུའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་ཐང་ལ་སྲུང་སྐྱོབ་བྱས་ཡོད།

(ཚེ་དབང་ལྷ་སྐྱིད་ཀྱིས་བསྒྱུར)