国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月07日

ཀྲོང་ཅིན་སུང་གིས་ལྷོ་རོང་རྫོང་དང་། སྨར་ཁམས་རྫོང་། བྲག་གཡབ་རྫོང་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བ།

འདི་ནི་ཀྲོང་ཅིན་སུང་གིས་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་དུ་རྟོག་ཞིབ་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ལྷོ་རོང་རྫོང་དང་། སྨར་ཁམས་རྫོང་། བྲག་གཡབ་རྫོང་བཅས་སུ་ཕེབས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་གནང་བའི་ཁར། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་བྱས་ཡོད་པ་རེད།

ལྷོ་རོང་རྫོང་ནག་ལྕོག་ཤང་ཚ་བ་གྲོང་ཚོ་རུ། ཀྲོང་ཅིན་སུང་གིས་ས་གནས་ས་ཐོག་ཏུ་ས་ཞིང་བཅོས་སྐྱོང་རྣམ་གྲངས་ལ་ལྟ་ཞིབ་གནང་བ་མ་ཟད་ཞིང་འབྲོག་པ་མང་ཚོགས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཡོད་པ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་བཀོད་སྒྲིག་གལ་ཆེན་བྱས་ཡོད་པས། རི་ཆུ་ནགས་ཚལ་དང་ཞིང་ས། མཚེའུ། རྩྭ་ཐང་དང་བྱེ་མ་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་དམངས་ཕྱུག་གཅིག་གྱུར་དམ་ཚགས། ཡུལ་བབ་དང་བསྟུན་ནས་ཞིང་འབྲོག་ལས་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་པའི་ནན་བཤད་གནང་ཡོད།

ལྷོ་རོང་རྫོང་ནག་ལྕོག་ཤང་དང་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་མི་དམངས་སྲིད་གཞུང་དུ། ཀྲོང་ཅིན་སུང་གིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་གནང་བའི་ཁར། ཏང་ཡོན་ལས་བྱེད་པ་དང་ལྷན་དུ་བྱམས་བརྩེའི་སྤེལ་རེས་བྱས་ཡོད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་མ་ལག་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད་པས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་བླང་བྱ་ལྟར།“རྩ་བཅོས”བྱ་རྒྱུར་ནུས་ཤུགས་བཏོན་ནས་ཏང་འཛུགས་སྐྱོང་གིས་ཏང་ཡོན་གཅིག་ཏུ་འགྲིལ་བ་དང་། མང་ཚོགས་གཅིག་ཏུ་འགྲིལ་བ། སྤྱི་ཚོགས་གཅིག་ཏུ་འགྲིལ་བ་བཅས་ཀྱི་སྒྲིག་གཞི་སྒྲིག་སྲོལ་དང་ལས་ཀའི་བྱ་ཐབས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། རྒྱ་ཆེའི་ཏང་ཡོན་དང་གཞི་རིམ་མང་ཚོགས་དུས་དང་རྣམ་པ་ཀུན་ཏུ་མཉམ་དུ་ཡོད་པར་བྱས་ནས་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དེ་ཉིད་འཐབ་འཛིང་གི་མཁར་རྫོང་ལྟ་བུ་ཞིག་ཏུ་ཏན་ཏིག་ཆགས་པ་བྱེད་དགོས་པའི་ནན་བཤད་གནང་ཡོད།

“ཁམསBAའགྲན་སྡུར”དང་ལོ་ངོ་སྟོང་གི་ཚྭ་ཞིང་། སྨོན་ལམ་ལའི་ཉག་གའི་གསར་བརྗེའི་གནས་རྟགས་ལ་རྟོག་ཞིབ་གནང་སྐབས། ཀྲོང་ཅིན་སུང་གིས“མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་ལ་སྐུལ་སློང་བྱ་རྒྱུའི”སྐོར་གྱི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཆབ་མདོའི་རིག་གནས་ཡུལ་སྐོར་དང་ལུས་རྩལ་ཐོན་ལས་འཆར་འགོད་བྱེད་པ་དང་། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོ་དང་འབྲེལ་ཏེ་རིག་རྩལ་འཁྲབ་སྟོན་དང་འགྲན་སྡུར་གྱིས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། གསར་བརྗེའི་ཡུལ་སྐོར་མིང་བྱང་གཏོད་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པོར་སྐོང་དགོས་པའི་ནན་བཤད་གནང་ཡོད།

(ཚེ་དབང་ལྷ་སྐྱིད་ཀྱིས་བསྒྱུར)