འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལོ་རེའི་ཟླ་དགུ་བའི་ཚེས་དགུའི་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར། ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་གྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་། རྒྱ་ཆེའི་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པ་རྣམས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཟླ10པའི་ཚེས22ཉིན། ཆབ་མདོ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པའི་ཚེས་དགུའི་རིག་རྩལ་སྤྲོ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་གྱི་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པ70ལྷག་བྱེད་སྒོའི་ཡུལ་དངོས་སུ་འཛོམས་ཏེ། སྤྲོ་སེམས་འཁོལ་བའི་ངང་དགུ་པའི་ཚེས་དགུའི་དུས་ཆེན་ལ་མཉམ་དུ་རོལ་བ་རེད། ཐེངས་འདིའི་རིག་རྩལ་བྱེད་སྒོ་སྟེང་དུ། བློ་མཐུན་རྒན་གྲས་རྣམས་ཀྱི་ལུས་སེམས་ཀྱི་ཁྱད་ཆོས་ལ་དམིགས་ནས་སྤྲོ་སྣང་རང་བཞིན་དང་ཞུགས་འཐུས་རང་བཞིན་གཉིས་ལྡན་གྱི་རིག་རྩལ་བྱེད་སྒོའི་རྣམ་གྲངས8བཀོད་སྒྲིག་བྱས་ཤིང་། ཕིང་ཕང་སྤོ་ལོ་དང་། སྒྲོམ་སྟེགས་སྤོ་ལོ། འཕུར་མདའ་འཕེན་པ་སོགས་རྣམ་གྲངས་ལས་རྩལ་འགྲན་གྱི་ཉམས་འགྱུར་མངོན་པ་དང་། བློ་མཐུན་རྒན་གྲས་ཚོས་སྤོ་ལོ་རྒྱག་པ་དང་གནད་ལ་འཁེལ་པོས་འཕུར་མདའ་འཕངས་ནས་རྩལ་ནུས་རྨང་གཞི་ཏན་ཏིག་མངོན་པ། ཕིང་ཕང་སྤོ་ལོ་དང་། བྱེ་ཁུག་དབྱུགས་པ། སྤྲོ་སྣང་ལྡན་པའི་པའོ་ལིང་སྤོ་ལོ་སོགས་ཀྱི་རྣམ་གྲངས་ལ་སྤྲོ་སྣང་གིས་ཕྱུག་ཅིང་། མཛུབ་རྩེའི་སི་ནོ་ཁེས་ལག་ཆ་སྤུས་དག་ལ་བརྟེན་ནས་ལུས་རྩལ་གྱི་སྤྲོ་སྣང་སླར་གསོ་བྱས་པ་དང་ས་གནས་དེ་གའི་རིག་གནས་ཀྱི་ཁྱད་ཆོས་ཏེ། བོད་ཤོ་དང་འདྲེས་པར་བྱས་ནས་བློ་མཐུན་རྒན་གྲས་ཚོར་རྒྱུས་མངའ་ཆེ་བའི་སྲོལ་རྒྱུན་རོལ་རྩེའི་ཁྲོད་དུ་དུས་ཆེན་གྱི་སྤྲོ་སྣང་མྱོང་རོལ་བྱས་པ་དང་། འགྲན་རའི་ནང་དུ། བློ་མཐུན་རྒན་གྲས་རྣམས་ཀྱིས་སྙིང་སྟོབས་རབ་འཕེལ་དང་བློ་སྟོབས་ཆེན་པོ་བསྐྱེད་དེ། སྐབས་རེ་ཐབས་རྩལ་ལ་གྲོས་བསྡུར་བྱེད་པ་དང་སྐབས་རེ་དགའ་འབོད་བྱས་ནས“ལོ་ན་བགྲེས་ཀྱང་བློ་སྟོབས་ནམ་ཡང་མི་ཉམས”པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་ཡོད།
འགྲན་རའི་ཕྱི་རོལ་གྱི་ལས་དོན་པས་བརྒྱུད་རིམ་ཧྲིལ་པོར་སེམས་རྩལ་འཁོལ་པོས་འགན་སྲུང་བྱས་ནས་དུས་ཐོག་ཏུ་གྲུབ་འབྲས་ཟིན་ཐོར་བཀོད་པ་དང་། ཆུ་ཚ་པོ་དང་འཕྲལ་སྡོམ་དངོས་ཟོག་སྤྲད་ནས་བྱེད་སྒོ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
བྱེད་སྒོ་མཇུག་འགྲིལ་རྗེས། མིག་དཔེ་གཏོད་པ་དང་སྔོན་ཐོན་ལ་སྐུལ་ལྕག་གཏོང་ཆེད། ཆབ་མདོ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ཀྱང་ད་ལོའི་ལོ་གཅིག་རིང་བྱེད་སྒོ་ཁག་ལ་ཧུར་ཐག་ཞུགས་པ་དང་ནུས་པ་མངོན་གསལ་དོད་པ་འདོན་མཁན་གྱི་བློ་མཐུན་རྒན་གྲས་ཀྱི་འཐུས་མི་གསུམ་ལ་སྐུལ་ལྕག་བཏང་། ཐེངས་འདིའི་བྱེད་སྒོས་བློ་མཐུན་རྒན་གྲས་ཚོར་སྤེལ་རེས་དང་མཉམ་འགུལ་གྱི་སྟེགས་བུ་ཤིག་བསྐྲུན་ནས་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་བཏང་བར་མ་ཟད། ཚང་མས་དྲོ་སྐྱིད་ཀྱི་རྣམ་པ་དང་དུས་ཆེན་གྱི་སྤྲོ་སྣང་ཁྲོད་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཀྱང་ཚོར་ཡོད།
གོམ་སྟབས་རྗེས་མར། ཆབ་མདོ་གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་རྒྱ་ཆེའི་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོར་མུ་མཐུད་དམིགས་ཏེ། སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་ཐོན་ཁུངས་སྔོག་འདོན་བྱས་ནས་གསར་བརྗེའི་ནང་དོན་དང་རྒན་རྒོན་ལ་འཚམ་པའི་ཁྱད་ཆོས་ལྡན་པའི་བྱེད་སྒོ་དེ་བས་མང་བ་ཇུས་འགོད་བྱས་ནས་རྒྱ་ཆེའི་ལས་འཁྱུར་ངལ་གསོ་ཞུས་པའི་ལས་བྱེད་པས་རྒས་དུས་སྤྲོ་སྣང་ལྡན་པ་དང་རྒས་དུས་ལས་རྒྱུ་ཡོད་པར་བྱེད་པ་དང་། ཆབ་མདོས“ཐམས་ཅད་ཤར་ལ་ཕྱོགས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

