སློབ་གྲྭ་ནི་མི་ཚོགས་སྟུག་ས་ཞིག་ཡིན་པས། མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དང་མེ་ཟོན་སྔོན་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ནི་སློབ་མ་ཚང་མས་ངེས་པར་དུ་ཤེས་དགོས་པའི་དོན་གནད་གལ་ཆེན་ཞིག་རེད།
གཅིག སློབ་གྲྭའི་མེ་ཟོན།
1.སློབ་གྲྭའི་ནང་རྩྭ་རྩི་ཤིང་ཅུང་མང་བ་དང་། སྤང་སྟེང་དུ་ལྕང་མའི་ལོ་མ་དང་། ཡལ་ག་སྐམ་པོ་སོགས་མི་ཉུང་བ་ཞིག་ཡོད་པས། མེ་སྐྱོན་མི་ཡོང་བའི་ཆེད་དུ་ཕྱི་རོལ་ལ་མེ་གཏོང་བའམ་ཡང་ན་ཐ་མག་གི་རོ་ཏོ་གང་བྱུང་དབྱུག་རྒྱུ་མེད།
2.སློབ་ཁང་དང་། ཉལ་ཁང་། བགྲོད་ལམ་གྱི་ཐོན་སྒོ་སོགས་སུ་ཅ་ལག་དང་གད་སྙིགས་མི་སྤུངས་པར་བདེ་འཇགས་བགྲོད་ལམ་ཤར་གཏོང་ཐུབ་པར་བྱེད་དགོས།
3.སློབ་གྲྭའི་མེ་ཟོན་ཡོ་ཆས་དུས་ཐོག་ཏུ་བདག་སྐྱོང་དང་ཞིབ་བཤེར་བྱེད་པ་དང་མེ་ཟོན་ཡོ་ཆས་རྙིང་པ་འཕྲལ་དུ་བརྗེ་དགོས།
4.སྐོར་ཞིབ་དང་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་སྟེ། མེ་ཟོན་གྱི་བགྲོད་ལམ་བཟུང་སྤྱོད་དང་བཀག་པ་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས།
གཉིས། ཉལ་ཁང་གི་མེ་ཟོན།
1.ཤུགས་ཚད་ཆེ་བའི་གློག་ཆས་སྤྱོད་རྒྱུ་མེད།
2.རང་འགུལ་ངང་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ་གློག་སྐུད་རང་དགར་འཁྲིད་པ་དང་། གང་བྱུང་དུ་འཁྲིད་པ། གང་བྱུང་དུ་མཐུད་པ་བཅས་བྱ་རྒྱུ་མེད།
3.གློག་ཆས་བེད་སྤྱོད་བཏང་ཚར་རྗེས་དུས་ཐོག་ཏུ་གློག་ཁུངས་བསད་དགོས་པ་མ་ཟད། བསྒར་ཁུང་བཀོག་དགོས།
4.ཉལ་ཁང་དུ་མི་མེད་པའི་སྐབས་གློག་རྡུལ་སྒྲིག་ཆས་ལ་དུས་ཚོད་རིང་པོ་གློག་གསོག་རྒྱུ་མེད།
5.ཉལ་ཁང་དུ་འབར་གས་སླ་བའི་དངོས་རྫས་འཇོག་རྒྱུ་མེད་པ་དང་། མེ་གཏོང་རྒྱུ་མེད་ལ་དངོས་རྫས་དེ་བས་ཀྱང་བསྲེགས་མི་རུང་།
6.ཉལ་ཁང་ནས་བྲལ་སྐབས་གློག་ཁུངས་ཚང་མ་བསད་ནས་མེ་སྐྱོན་གྱི་ཉེན་ཁ་མི་ཐོན་པ་བྱེད་དགོས།
གསུམ། སློབ་ཁང་གི་མེ་ཟོན།
1.སློབ་ཁང་དུ་འབར་གས་སླ་བའི་དངོས་རྫས་འཇོག་རྒྱུ་མེད།
2.བཀོལ་སྤྱོད་ཀྱི་གཏན་འབེབས་སྒྲིག་སྲོལ་གཞིར་བཟུང་གློག་རྡུལ་སློབ་ཆས་སྤྱོད་པ་ལས་སྒྲིག་འགལ་ངང་མཐུད་མི་ཉན།
3.གློག་སྐུད་རྙིང་པ་དུས་ཐོག་ཏུ་བརྗེས་ནས་མེ་སྐྱོན་མི་ཐོན་པ་བྱེད་དགོས།
4.བདེ་འཇགས་ངང་གློག་སྤྱོད་རྒྱུར་དོ་སྣང་བྱེད་དགོས། ཤུགས་ཚད་ཆེ་བའི་གློག་ཆས་སྤྱོད་སྐབས་འབར་སླ་བའི་དངོས་རྫས་འཁྲིས་སུ་འཇོག་མི་རུང་བ་དང་། རྟག་ཏུ་གློག་ཆས་དང་སྒྲིག་ཆས་སྒྲིག་སྦྱོར་དང་བེད་སྤྱོད་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས། གློག་ཆས་བེད་སྤྱོད་བཏང་ཚར་རྗེས་གློག་ཁུངས་གསོད་དགོས་པ་དང་བསྒར་ཁུང་བཀོག་དགོས།
5.སློབ་ཁང་དུ་རླུང་འགྲོ་ཡག་པོ་ཡོང་བ་བྱེད་དགོས་པ་དང་། སློབ་ཁང་གི་སྒོ་རྩར་རུབ་རུབ་བྱེད་པ་དང་། རྩེད་མོ་རྩེ་བ། འདེད་རེས་བྱེད་པ་བཅས་བྱ་རྒྱུ་མེད་པར། སློབ་ཁང་གི་སྒོ་ཁའི་བགྲོད་ལམ་ཤར་གཏོང་ཐུབ་པ་བྱེད་དགོས།
བཞི། ཟ་ཁང་གི་མེ་ཟོན།
1.སློབ་འགོ་མ་ཚུགས་གོང་། སློབ་གྲྭས་ཆེད་ལས་མི་སྣ་ཟ་ཁང་གི་ཆུ་དང་། གློག སོལ་རླངས་བཅས་ལ་ཕྱོགས་ཡོངས་ནས་བདེ་འཇགས་ཞིབ་བཤེར་བྱེད་དུ་འཇུག་དགོས།
2.ཟ་ཁང་ལ་ངེས་པར་དུ་མེ་ཟོན་ཡོ་ཆས་ངེས་ཅན་ཞིག་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། ཆེད་མི་མངགས་ནས་དོ་དམ་དང་དུས་ཐོག་ཞིབ་བཤེར་བྱས་ཏེ་ཡོ་ཆས་རྣམས་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས།
3.དུས་བཀག་ནང་ཟ་ཁང་གི་ལས་མི་སྒྲིག་འཛུགས་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་གསོ་སྦྱོང་བྱས་ནས་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
4.ཟ་ཁང་གི་མ་བྱན་གྱིས་ཚལ་བརྔོ་སྐབས་དྲོད་ཚད་མཐོ་དྲགས་པ་དང་སྣུམ་མང་དྲགས་པའི་རྐྱེན་གྱིས་མེ་སྐྱོན་ཤོར་རྒྱུ་སྔོན་འགོག་བྱེད་དགོས།
5.བདེ་འཇགས་བགྲོད་ལམ་ཤར་གཏོང་ཐུབ་པ་བྱེད་དགོས།
ལྔ། མེ་སྐྱོན་ཤོར་ས་ནས་བྲོས་ཐབས།
1.མེ་སྐྱོན་ཤོར་སྐབས་གལ་སྲིད་མེ་ཆེན་པོ་མེད་ན་གནས་ཚུལ་ལ་གཞིགས་ནས་མེ་གསོད་ཡོ་ཆས་སྤྱད་དེ་མེ་གསོད་དགོས།
2.གལ་ཏེ་མེ་ཆེན་པོ་ཡོད་ན་དངངས་སྐྲག་བྱ་རྒྱུ་མེད་ལ་མི་ཚོགས་ཀྱི་རྗེས་སུ་ཕར་རྒྱུག་ཚུར་རྒྱུག་ཀྱང་བྱ་རྒྱུ་མེད། གལ་ཏེ་བགྲོད་ལམ་མེས་བཀག་ཚེ་མེ་དང་དུ་བ་ཡོད་སར་རྒྱབ་བསློགས་ནས་བྲོས་དགོས།
3.མེ་སྐྱོན་ཐོན་སྐབས་འཕྲལ་མར་བྲོས་དགོས་པ་ལས་རྩ་ཆེའི་རྒྱུ་ནོར་བློས་མ་ཐོངས་པར་སྡོད་རྒྱུ་མེད།
4.གལ་ཏེ་ཁང་པའི་ནང་ནས་མ་ཐར་ཚེ་ཉི་གཡབ་དང་སྒེའུ་ཁུང་སོགས་གཞན་གྱིས་མཐོང་བདེ་ས་ནས་སྐད་ཤུགས་ཆེན་པོས་འབོད་པ་དང་ཅ་ལག་རྡུང་བའམ་ཡང་ན་གྱོན་གོས་ཧར་པོ་གཡུགས་གཡུགས་གཏོང་བ་སོགས་བྱས་ཏེ་རོགས་སྐྱོབ་བྱེད་རོགས་ཞུ་དགོས།
5.གལ་ཏེ་ཉེ་འགྲམ་ལ་དུ་འགོག་ངོ་ཁེབས་ཡོད་ན་འཕྲལ་ཏུ་གྱོན་དགོས་པ་དང་། གལ་ཏེ་མེད་ན་ཨ་ཅོར་རློན་པའམ་ཡང་ན་གྱོན་ཆས་རློན་པ་བཟོས་ཏེ་ཁ་སྣ་བཀབ་ནས་བདེ་འཇགས་བགྲོད་ལམ་བརྒྱུད་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་དགོས།
6.གལ་ཏེ་ཉལ་ཁང་ནས་མ་ཐར་ན། སྒོ་དམ་པོར་བརྒྱབ་སྟེ་ཨ་ཅོར་རློན་པ་དང་རས་རློན་པ་སོགས་ཀྱིས་སྒོའི་སྲུབས་ཁ་བཀག་སྟེ་ཉལ་ཁང་ནང་སྐྱོབ་མཁན་སྒུག་ནས་སྡོད་དགོས།
7.ལུས་པོར་མེ་འཁྱུད་སྐབས་བྲོས་འགྲོ་རྒྱུ་མེད་པར་རང་སར་སྒལ་དབྲིལ་རྒྱག་པའམ་ཡང་ན་གྱོན་ཆས་མཐུག་པོས་མེ་གསོད་ཐབས་བྱེད་དགོས།
8.མེ་སྐྱོན་ཤོར་སྐབས་གློག་སྐས་ནས་བྲོས་རྒྱུ་མེད་ལ། རང་དགར་ཐོག་ཁ་ནས་མཆོང་རྒྱུ་མེད།
སློབ་གྲྭའི་ནང་དཔེ་དེབ་དང་ཤོག་བུ་སོགས་སློབ་ཁང་དང་དཔེ་མཛོད་ཁང་གི་གང་སར་སྤུངས་ཡོད་པ་དང་། ཤིང་གི་ཅོག་ཙེ་དང་། རྐུབ་སྟེགས། དཔེ་སྒྲོམ་སོགས་གང་སར་མཐོང་རྒྱུ་ཡོད་ལ་དེ་དག་ཚང་མ་མེ་འབར་སླ་པོ་ཡོད། མེ་བསད་མེད་པའི་ཐ་མག་གི་ཕྲུག་ལྷག་དང་མེ་ལྕགས་སོགས་ཚང་མ་མེ་སྐྱོན་གྱི་རྐྱེན་རྩ་རེད། དེའི་ཁར་སློབ་གྲྭ་ནི་དཔེ་མཚོན་གྱི་མི་སྣ་འདུ་འཛོམས་བྱེད་ས་ཞིག་ཡིན་པས། སློབ་ཁྲིད་ཐོག་ཁང་དང་། ཉལ་ཁང་། དཔེ་མཛོད་ཁང་བཅས་སུ་དགེ་སློབ་མང་པོ་འཛོམས་སྟབས་མེ་སྐྱོན་ཐོན་ཚེ། མི་ཚོགས་ཕྱིར་དོན་ཧ་ཅང་དཀའ་བ་དང་། གུ་དོག་པའི་བར་ཁྱམས་ཚེ་སྲོག་བགྲོད་ལམ་གྱི་བཅུར་འགག་ཅིག་ཏུ་གྱུར་ནས་འཚང་ཁ་དང་རྡོག་བརྫིས་སོགས་ཡིད་སྐྱོ་བའི་གནས་ཚུལ་ཐོན་སྲིད།
སློབ་གྲྭའི་མེ་ཟོན་ནི་དོན་ཆུང་ཞིག་མིན་པས《སློབ་གྲྭའི་མེ་ཟོན་རྒྱུན་ཤེས》བློ་ལ་བརྟན་པོར་ངེས་དགོས།
དྲུག མེ་སྐྱོན་གྱི་ཉེན་བརྡ་གཏོང་བ།
“119”མེ་སྐྱོན་ཉེན་བརྡའི་ཁ་པར་རྒྱག་སྐབས་ཡིད་རྣལ་དུ་ཕབ་སྟེ་ས་གནས་གསལ་པོར་ཤོད་དགོས་པ་དང་ས་གནས་ས་ཐོག་གི་གནས་ཚུལ་གསལ་པོར་ཤོད་དགོས།
རྒྱུན་དུ་ནང་སྦྱོང་བྱེད་པ་དང་བདེ་འཇགས་འགན་ལེན་བྱེད་པ།
མེ་གསོད་དང་འཕྲལ་སྡོམ་ཁ་འགྲེམ་གྱི་སྔོན་ཇུས་བཟོས་ནས་དུས་བཀག་ལྟར་ཁ་འགྲེམ་ནང་སྦྱོང་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱས་ཏེ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
བདུན། སྲོག་ཐར་བགྲོད་ལམ།
སྲོག་ཐར་སྒེའུ་ཁུང་འགོག་མི་ཆོག་པ་དང་། སྐས་ཀར་འགྲོ་ས་འགོག་མི་ཆོག་པ། བདེ་འཇགས་ཐོན་སྒོ་འགོག་མི་ཆོག་པ། ཁ་འགྲེམ་མཛུབ་སྟོན་མཚོན་རྟགས་མེད་པར་བཟོ་མི་ཆོག་པ། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཟུང་མི་ཆོག་པ། མེ་འགོག་སྒོ་རྒྱུན་དུ་རྒྱག་པ་བཅས་བྱེད་དགོས།
བརྒྱད། སློབ་ཁང་།
མེ་ཟོན་བདེ་འཇགས་ལམ་ལུགས་ལ་བརྩི་སྲུང་ཞུ་བ་དང་། འབར་གས་སླ་བའི་དངོས་རྫས་མི་འཁྱེར་བ། སློབ་ཁང་གི་སྒོ་རྩའི་བགྲོད་ལམ་ཤར་གཏོང་ཐུབ་པ་བཅས་བྱས་ཏེ་དུས་ཐོག་ཏུ་གློག་ཆས་དང་གློག་སྒྲོན་གྱི་སྒྲིག་ཆས་ཁ་བཀག་དགོས། སློབ་ཁང་ནང་གི་སྒྲིག་ཆས་ལ་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་དགེ་རྒན་ལ་སྙན་སེང་ཞུས་ནས་སློབ་གྲྭའི་མེ་ཟོན་ཡོ་བྱད་ལ་གཅེས་སྤྲས་བྱེད་དགོས།
དགུ། དཔེ་མཛོད་ཁང་།
མེ་སོན་ཁང་པའི་ནང་དུ་འཁྱེར་མི་ཆོག་པ་དང་། དཔེ་ཀློག་ཁང་དང་དཀར་ཆག་བཙལ་འཚོལ་ཁང་སོགས་སུ་ཐ་མག་འཐེན་མི་ཆོག་པ། སྦྲང་འགོག་སྤོས་སྤོར་མི་ཆོག་པ། གློག་ཐབ་དང་གློག་གི་དབུར་ཏི་སོགས་གློག་ཆས་སྤྱོད་མི་ཆོག་པ། འབར་སླ་བའི་དངོས་པོས་ཤེལ་ཏོག་འགེབ་མི་ཆོག་པ། རང་དགར་གློག་སྐུད་འཐེན་མི་ཆོག་པ། ཐེག་ཚད་ལས་བརྒལ་ཏེ་གློག་སྤྱོད་མི་ཆོག
བཅུ། ཚོད་ལྟ་ཁང་།
བདེ་འཇགས་དོ་དམ་གྱི་གཏན་འབེབས་ཁག་དང་བདེ་འཇགས་བཀོལ་སྤྱོད་སྒྲིག་སྲོལ་ཁག་ལ་བརྩི་སྲུང་ནན་པོ་ཞུ་དགོས། དཔྱད་ཆས་དང་སྒྲིག་ཆས་བེད་སྤྱོད་མ་བྱས་གོང་གློག་ཁུངས་དང་། གློག་སྐུད། མེ་ཁུངས། རམ་འདེགས་དཔྱད་ཆས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་པོ་བྱེད་དགོས། ཚོད་ལྟ་ཁང་ནས་ཁ་བྲལ་སྐབས་གློག་སྤྱོད་སྒྲིག་ཆས་ཀྱི་སྒོ་བརྒྱབ་ནས་གློག་ཁུངས་རྦད་དེ་གཅོད་དགོས།

