国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月04日

རང་རེའི་གྲོང་ཁྱེར་གྱིས་ལས་བྱེད་ལས་བཟོ་པའི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་གཉེར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས31ཉིན་གྱི་ཕྱི་དྲོར། ཆབ་མདོ་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་། གྲོང་ཁྱེར་སྲིད་གྲོས་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་སྒོས“དམར་མདངས་ཆབ་མདོས་རྩ་བ་བསྐྲུན། བདེ་ཐང་བོད་ལྗོངས་འབྱུང་འགྱུར་ཕྱོགས”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྤྲོ་འཕེལ་ལུས་རྩལ་འགྲན་ཚོགས་གཉེར་བ་རེད། བྱེད་སྒོ་ཡིས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པའི་མཐུན་སྒྲིལ་ཡར་བརྩོན་དང་བདེ་ཐང་མདུན་སྐྱོད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་མཚོན་ཡོད།

ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས“སྤྲོ་འཕེལ་དང་། མཐུན་སྦྱོར། བདེ་ཐང་། སྤྲོ་སྣང”བཅས་ཀྱི་བརྗོད་དོན་གཞི་ཚུགས་ཏེ་ལས་བྱེད་ལས་བཟོ་པའི་སྤྲོ་སྣང་དང་འཇོན་ཐང་ཟུང་འབྲེལ་སྒོ་ནས་ཕིང་ཕང་སྤོ་ལོ་དང་། ཐག་མཆོང་། སྟེགས་གྲུག པོ་ལིན་སྤོ་ལོ་བཅས་རྩལ་འགྲན་རང་བཞིན་དང་། སྤྲོ་སྣང་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་གཞི་གཅིག་ཅན་གྱི་འགྲན་སྡུར་རྣམ་གྲངས་བཀོད་སྒྲིག་བྱས་ཡོད།

འགྲན་སྡུར་རྗེས། གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་གྲོང་ཁྱེར་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བྱ་དགའ་ཐོབ་མཁན་ལ་བྱ་དགའ་སྤྲད་ཡོད།

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སྒྲོལ་དཀར་དང་ཡེ་ཤེས་ཆོས་འཕེལ། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་བཅས་བྱེད་སྒོ་ནང་ཞུགས་ཡོད།