国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月04日

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས2025ལོའི་ལོ་འཁོར་གྱི (རྒྱ་ཆེ)ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས30ཉིན་གྱི་ཕྱི་དྲོར། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡིས2025ལོའི་ལོ་འཁོར་གྱི(རྒྱ་ཆེ)ཚོགས་འདུ་ཐེངས6པ་དང་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཀྲུའུ་ཞི་ཚོགས་འདུ་ཐེངས37པ་འཚོགས་པ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཏན་ཧྥུའུ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕྲིན་ལས་དང་། རྡོ་རྒྱལ། ཀྲང་ཝུན་ལིས་བཅས་ཞུགས་ཡོད།

ཧུའུ་ཏན་ཧྥུའུ་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་གྲོང་ཁྱེར་སྲིད་གྲོས་སྐབས་གཉིས་པའི་ཚོགས་འདུ་ཐེངས་དྲུག་པ་གྲ་སྒྲིག་གང་ལེགས་བྱས་ཏེ། ལས་ཀའི་གྲུབ་འབྲས་རྩེ་གྲ་གཏོད་པ་དང་ལོ་འཁོར་འདིའི་ལས་དོན་འགན་སྒྲུབ་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱས་ནས་རྒྱུན་བསྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པར་སྐུལ་སྤེལ་བཏང་ནས་དུས་རབས་གསར་པའི་རྒྱུགས་ལམ་ཐོག་ཡག་པོ་བསྐྱོད་དགོས་པའི་ནན་བཤད་གནང་ཡོད།