国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月04日

ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་འཐུས་ཚབ་ཚོགས་པ་ནུབ་རྒྱུད་ཡུལ་སྐོར་དངོས་མང་སྟོན་ཚོགས་ལ་ཞུགས་པ།

སྐུ་མགྲོན་གྱིས་བོད་སྤོས་བཟོ་རྩལ་ལ་ལྟ་སྐོར་དང་སློབ་སྦྱོང་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ11པའི་ཚེས1ཉིན། ཀྲུང་གོའི་ནུབ་རྒྱུད་ཡུལ་སྐོར་ཐོན་ལས་དངོས་མང་སྟོན་ཚོགས(ནུབ་རྒྱུད་ཡུལ་སྐོར་དངོས་མང་སྟོན་ཚོགས་ཞེས་བསྡུ་རྒྱུ)དེ་ཁྲུང་ཆིན་རྒྱལ་སྤྱིའི་དངོས་མང་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་འཐུས་ཚབ་ཚོགས་པས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་བསྣམས་ཏེ་སྟོན་ཚོགས་ལ་ཞུགས་པ་དང་། དྲ་ཕྱིའི་དངོས་གཟུགས་འགྲེམས་སྟོན་དང་དྲ་ཐོག་གི་ལིང་ཚེ་བརྒྱུད་བསྒྲགས་དེ་མིན་གྲོང་ཁྱེར་གྱི་ཚོགས་པའི་འཕྲལ་མངོན་བྱེད་སྒོ་སོགས་ཀྱི་ལམ་ནས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ལ་བོད་ཤར་གྱི་རིག་གནས་ཡུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་མཛེས་པ་མངོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ནུབ་རྒྱུད་ཡུལ་སྐོར་དངོས་མང་སྟོན་ཚོགས་ཡིས“རིག་གནས་ཡུལ་སྐོར་མཉམ་འདྲེས་དང་མཛེས་སྡུག་ལྡན་པའི་འཚོ་བ”བཅས་བརྗོད་དོན་གཙོ་བོ་བཟུང་ནས་རྒྱལ་ཁབ་ཕྱི་ནང་གི་རིག་གནས་ཡུལ་སྐོར་རྩེ་གྲ་འགྲེམས་ཁུལ་དང་། ཡུལ་སྐོར་ལས་དོན་ཁང་གི་འགྲེམས་ཁུལ། རིག་གནས་ཡུལ་སྐོར་གསར་གཏོད་དང་འཆར་འགོད་འགྲེམས་ཁུལ། ཕྱི་རོལ་གྱི་འགྲེམས་ཁུལ། གྲངས་འཛིན་ཚན་རྩལ་འགྲེམས་ཁུལ། ཡུལ་སྐོར་ཐོན་རྫས་འགྲེམས་ཁུལ། སྲོལ་རྒྱུན་གྱི་རིག་གནས་ཡུལ་སྐོར་འགྲེམས་ཁུལ། བརྗོད་དོན་གཙོ་བོའི་ཡུལ་སྐོར་འགྲེམས་ཁུལ་བཅས་འགྲེམས་ཁུལ་ཆེ་ཁག་བརྒྱད་བཀོད་སྒྲིག་བྱས་ཡོད།

བྱེད་སྒོ40ལས་བརྒལ་བ་དེས་དབྱི་ཐ་ལི་དང་། སི་ཕེན། ཕོར་ཐིའུ་ཀལ། ཧང་ག་རི། ཝུ་ར་ཀུའེ། ཁེང་ཉི་ཡཱ། ཉི་ཧོང་། ཐེ་གོ། ཨུ་ཟ་བྷེ་ཁི་སི་ཐན། ཅེ་ཁེ་སོགས་རྒྱལ་ཁབ་དང་ས་ཁུལ40ལྷག་གི་རྒྱལ་ཁབ་ཡུལ་སྐོར་ཅུས་དང་། ཡུལ་སྐོར་ཁྱབ་གདལ་ཚན་པ་དང་རིག་གནས་ཡུལ་སྐོར་ཁེ་ལས་དང་། བོད་ལྗོངས་དང་། སི་ཁྲོན། ཀོང་ཏུང་སོགས་རྒྱལ་ནང་གི་ཞིང་ཆེན(ལྗོངས་དང་གྲོང་ཁྱེར)20ལྷག་གི་རིག་གནས་ཡུལ་སྐོར་ཚན་པ་དང་། ཡུལ་སྐོར་ལྗོངས་ཁུལ། ཡུལ་སྐོར་ལས་དོན་ཁང་དེ་བཞིན་ཁེ་ལས500ལས་བརྒལ་བ་ཐེངས་འདིའི་འགྲེམས་སྟོན་ནང་ཞུགས་ཡོད།