国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年11月04日

གྲོང་ཁྱེར་དམངས་འཐུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཏང་ཙུའུ་ཡིས་ཚོགས་འདུ་འཚོགས་ནས་ཆེད་དོན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། གྲོང་ཁྱེར་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ཀྱི་བྱ་ཐབས་ལ་བཀོད་སྒྲིག་བྱས་ཡོད་པ་རེད།

ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས》ཇི་མ་ཇི་བཞིན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་མཇུག་བསྡུ་ལ་ཉེ་བ་དང་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་འགོ་ཚུགས་ལ་ཉེ་བ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པ་འགག་རྩའི་དུས་སྐབས་སུ་བསྐྱོད་པའི་ལྷུ་ཚིགས་གལ་ཆེན་གྱི་སྐབས་སུ་འཚོགས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། དེས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་གལ་ཆེན་ལ་ཕྱོགས་བསྡོམས་བྱས་པ་དང་།“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འཕྲད་པའི་གནས་བབ་ལས་འགན་ལ་དབྱེ་ཞིབ་བཅས་བྱས་ནས། མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་འཛིན་སའི་རྩ་དོན། དམིགས་ཚད་གཙོ་བོ་བཅས་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》ཡིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བྱ་གཞགའཕེལ་རྒྱས་འགྲོ་བཞིན་པའི་ལོ་རྒྱུས་ཀྱི་ཕྱོགས་གནས་ཁོང་དུ་ཆུད་པ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་སུ་གཞི་རྩའི་མངོན་འགྱུར་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་ཇི་ལྟར་ཁག་ཐེག་བྱེད་དགོས་པའི་མུ་འབྲེལ་རིགས་འབྲེལ་གཅིག་གི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ལན་འདེབས་གཏིང་ཟབ་བྱས་པ་དེ་ནི་གཞི་རྩའི་མངོན་འགྱུར་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། དེ་ནི་“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་དུས་སྐབས་ཀྱི་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་བརྗིད་ཉམས་ལྡན་པའི་སྔོ་རིས་དང་། ལག་བསྟར་སྤེལ་བ་སྤྱོད་པ་ཀྱི་ཐབས་ལམ་ཁ་གསལ་བཟོས་ཏེ། བབ་བསྟུན་འཕྲལ་སྒྲུབ་དང་མུ་མཐུད་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པའི་ཐད་སྤྱི་ཁྱབ་སྐུལ་སློང་དང་སྤྱི་ཁྱབ་བཀོད་སྒྲིག་བྱས་ཏེ། འབྱུང་འགྱུར་ལོ་ལྔའི་ནང་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་གཞི་ཆེན་པོ་གོ་རིམ་ལྡན་པའི་སྒོ་ནས་འཆར་འགོད་བྱས་ཏེ། སླད་ཕྱིན་ལོ་ལྔའི་ནང་རང་རྒྱལ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་དང་ཐབས་ལམ་གསལ་སྟོན་བྱས་ཡོད་ཅེས་བསྟན།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དེ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་ཙུའི་ཚོགས་འདུ་ཡིས་སྔོན་ལ་སྦྱོང་བ་དང་། འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་དེ་སྦྱོང་བ། ལྟེ་བའི་ཚོགས་ཆུང་གིས་ཞིབ་འཇུག་སློབ་སྦྱོང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གིས་རྒྱུན་དུ་སྦྱོང་བ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོས་བབ་བསྟུན་སྦྱོང་བ། ཏང་ཡོན་ལས་བྱེད་པའི་རང་སྦྱོང་བྱེད་པ། དྲིལ་བསྒྲགས་སྒྲོག་འགྲེལ་སོགས་ཀྱི་ལམ་ནས་ཏང་གི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།