ལོ75ཡི་གོང་། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོའི་ལས་དོན་ཚོགས་ཆུང་དེ་མི་དམངས་བཅིངས་འགྲོལ་དམག་དང་མཉམ་དུ་ཆབ་མདོར་བཅའ་སྡོད་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་དངུལ་རྩའི་བྱ་གཞག་གི་མེ་སྟག་ཆབ་མདོར་མཆེད་དེ་གངས་ལྗོངས་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རེ་བའི་འོད་སྣང་སྦྱིན་པ་རེད།
ལོ75ཡི་དཀའ་སྤྱད་འབད་འཐབ་ལས། ང་ཚོས་ཆབ་མདོའི་དངུལ་རྩའི་སྒྲིག་གཞི་འདི་ཉིད་ལག་ཤེས་བཀོལ་སྤྱོད་ནས་གྲངས་འཛིན་ཅན་བར་བསྐྱོད་པའི་འགྱུར་ལྡོག་དང་། གཞི་རིམ་གྱི་ཀྲུང་དབྱང་དངུལ་ཁང་གི་ཞབས་ཞུ་དེ“རྟ་ཐོག་དངུལ་ཁང”ནས་ཁྱོན་ཡོངས་ལ་ཁྱབ་པའི་བར་རྒྱ་ཆེ་རུ་ཕྱིན་པའི་སྔར་ན་མེད་པའི་མཆོང་སྐྱོད་ལ་བདེན་དཔང་བྱས་ཡོད།
1950ལོའི་ཟླ10པར། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོའི་ལས་དོན་ཚོགས་ཆུང་ཆབ་མདོའི་རྟུག་རྟུག་ཁའི་དམངས་སྡོད(ད་ལྟའི་ཆོས་ཁྲི་སྲང་ལམ་སྒོ་རྟགས་ཨང137)བློ་དགའི་ཁྱིམ་དུ་ས་ཚིགས་བཙུགས་ཏེ་ལས་དོན་སྒྲུབ་པ་རེད།
ཤིང་གི་སྒྲོག་ཙེ་གཅིག་དང་། ལྕགས་སྒམ་གཉིས། རྩིས་ཁྲ་ཁ་ཤས། དངུལ་རྩའི་སྔོན་སྐྱོད་པ་གསུམ་གྱིས་ཐེབས་ཆག་པའི་ཁོར་ཡུག་ཁྲོད་ནས་ཆེས་གདོད་མའི་ལག་ཆ་སྤྱད་དེ་ཆ་ཚང་བའི་དངུལ་ལོར་འཁོར་རྒྱུག་གི་མ་ལག་བཙུགས་ནས་བོད་ཀྱི་དངུལ་རྩའི་བྱ་གཞག་གི་འགོ་ཚུགས་ས་གསར་པར་རྨང་གཞི་བརྟན་པོ་བཏིངས་ཡོད།
ཕྱི་ལོའི་ཟླ10པར། ཀྲུང་གོ་མི་དམངས་དངུལ་ཁང་ཆབ་མདོ་དོན་གཅོད་ཁང་དངོས་སུ་བཙུགས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་དངུལ་རྩའི་ལས་ཁུངས་དང་པོ་གྱུར་བ་རེད།
“1988ལོའི་རི་བོ་ཆེའི་རྫོང་ཉིང་ལག་དངུལ་ཁང་ལ་ལྗིབ་འཁོར་གཅིག་མ་གཏོགས་མེད་ལ། ས་ཆ་མང་ཤོས་ལ་ལམ་ཡང་མེད། གཞི་རིམ་དུ་ལས་དོན་དྲིལ་བསྒྲགས་བྱེད་དགོས་ཚེ། མང་ཆེ་ཤོས་ལ་རྟ་བཞོན་པའམ་རྐང་ཐང་དུ་འགྲོ་དགོས”ཞེས་ལས་འཁྱུར་ལས་བྱེད་པ་བློ་དགའ་ཡིས་སྔོན་ཆད་ཀྱི་གཏམ་བཤད་དེ་ལྟར་བཤད་བྱུང་།
ཐེབས་ཆག་པའི་དམངས་ཀྱི་སྡོད་ཁང་དེ་སྨི་གྲུ་བཞི་མ8500ཟིན་པའི་དེང་རབས་ཅན་གྱི་གཞུང་དོན་ཐོག་ཁང་བསྐྲུན་པ་དང་། རྩིས་ཁྲའི་ཐག་སྒྲ་རིམ་གྱིས་མེད་པར་གྱུར་ཏེ་ད་ལྟ་དེའི་ཚབ་ཏུ་མཐེབ་གཞོང་གི་སྤྱོད་མགོ་ཚུགས། 2019ལོར། ཕྱི་དངུལ་ཞབས་ཞུའི་སྐར་ཁུང་བཙུགས་པ་དེས་ཆབ་མདོའི་ལོ68རིང་གི་ཆེད་ལས་རང་བཞིན་ཅན་གྱི་ཕྱི་དངུལ་ཞབས་ཞུ་མེད་པའི་སྟོང་ཆ་བསྐང་བ་རེད།
2024ལོའི་ལོ་མཇུག་བར། ཆབ་མདོ་གྲོང་ཁྱེར་གྱི་དངུལ་རྩ་ཚན་པས་བཅོལ་དངུལ་སྒོར་དུང་ཕྱུར533.18ལས་བརྒལ་བ་དང་། དངུལ་བུན་རྒྱ་ཁྱོན་ཚད་སྒོར་དུང་ཕྱུར762.47ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང138ལ་ཕན་པ་ཐོབ་ཡོད།

