འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས27ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་རིག་གནས་ཡུལ་སྐོར་ཐིང་དང་། སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། ཡུན་ནན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། ཁྲུང་ཆིན་གྲོང་ཁྱེར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དང་། ཉིང་ཁྲི་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་དེ་བཞིན་ཀྲུང་གོའི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་ཁོངས་མིའི་ཚན་པས་མཉམ་འབྲེལ་གྱིས་བསྒྲུབ་པའི“2025ཀྲུང་གོའི་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་ཁྱབ་གདལ་མནའ་འབྲེལ་མཉམ་བསྡུས་ཚོགས་འདུ་དང་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ”དེ་ཆབ་མདོ་གྲོང་ཁྱེར་དུ་སྤེལ་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཧྲེ་ཀྲང་གཞོན་པ་ལིས་ཧྲུའུ་གོ་བྱེད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཀྱང་ཕུལ་ཡོད།
ལིས་ཧྲུའུ་གོ་ཡིས་སེམས་ཀྱི་ཉི་ཟླའི་ཚོང་རྟགས་སྲུང་སྐྱོབ་དང་འོད་མདངས་འཚེར་དུ་འཇུག་རྒྱུ་ནི་ང་ཚོ་ཐུན་མོང་གི་ལས་འགན་ཡིན། ཆབ་མདོས་མནའ་འབྲེལ་ཁོངས་མི་ཁག་དང་མཉམ་དུ་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད། རིག་གནས་ཡུལ་སྐོར་ཚོང་རྟགས་གཏོད་པ་སོགས་ཀྱི་ཐད་སྤེལ་རེས་མཉམ་ལས་བྱ་རྒྱུ་དང་། མཉམ་འབྲེལ་སྒོས་ས་ཁོངས་ཀྱི་རིག་གནས་ཡུལ་སྐོར་ལས་སྒོ་གསར་གཏོད་དང་། རྣམ་པ་གསར་གཏོད། ཐོན་རྫས་གསར་གཏོད་བཅས་ལ་སྐུལ་སྤེལ་བཏང་ནས་དགེ་མཚན་གསབ་རེས་དང་། གཉིས་ཁེ་གཉིས་ཕན། མཉམ་འདྲེས་འཕེལ་རྒྱས་བཅས་བྱས་ཏེ། སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་གྱི་འགུག་ཤུགས་དང་འགྲན་ཤུགས་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་འདོད་ཡོད་ཅེས་བསྟན།
བྱེད་སྒོ་ཡུལ་དངོས་སུ་མནའ་འབྲེལ་ཁོངས་མིའི་ཚན་པ་ཁག་གི་རིག་གནས་ཡུལ་སྐོར་འོས་སྦྱོར་མི་སྣས་ས་གནས་ས་ཐོག་དང་དྲ་ཐོག་ཏུ་ལྟད་མོ་བར་རང་ཉིད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་དང་ལམ་ཐིག་རྩེ་གྲ་འོས་སྦྱོར་བྱས་པ་རེད།

