国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月31日

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ལས་དོན་ཚོགས་ཆུང་གིས་ཆབ་མདོར་ཁྲིམས་འཛིན་སྲིད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས24ཉིན་ནས་ཚེས27ཉིན་བར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཝང་ཡ་ཏུང་གིས་ཆབ་མདོ་གྲོང་ཁྱེར་དུ་ཁྲིམས་འཛིན་དང་སྲིད་འཛིན་ལས་དོན་ལ་རྟོག་ཞིབ་བྱས་པ་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སྒྲོག་འགྲེལ་གནང་བ་དང་། དཔལ་འབར་དང་། ལྷོ་རོང་། ཁ་རུབ་བཅས་རྫོང(ཆུས)གི་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ཚན་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཅས་སུ་བསྐྱོད་དེ་ནན་ཏན་གྱིས་དོན་དངོས་ཞིབ་བཤེར་དང་། གནད་དོན་འཚོལ་བ། གཏད་ཇུས་འདོན་པའི་ཁར། གཞི་རིམ་ཁྲིམས་འཛིན་སྲིད་འཛིན་ལས་བྱེད་ཉེན་རྟོག་པ་དང་མང་ཚོགས་དབར་བཞུགས་མོལ་གནང་ཡོད་པ་རེད།

ཝང་ཡ་ཏུང་གིས་ཆབ་མདོ་གྲོང་ཁྱེར་གྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཐིང་ཏང་ཨུད་ཀྱིས་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་གྲོང་ཁྱེར་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་ལས་བྱེད་པ་དང་། ཉེན་རྟོག་པ། ལས་བཟོ་པ་དང་ཁྲིམས་ལུགས་ཞབས་ཞུའི་ལས་དོན་པར་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།