国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月31日

འཛུགས་སྐྲུན་དངུལ་ཁང་ཆབ་མདོའི་ཉིང་ལག་དངུལ་ཁང་གིས“ཏང་སེམས་ཀྱིས་བྱིས་བློ་དྲོས། གཅེས་སེམས་ཀྱིས་ཕུགས་འདུན་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོའི་གཅེས་སྐྱོང་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས29ཉིན་གྱི་ཕྱི་དྲོར། འཛུགས་སྐྲུན་དངུལ་ཁང་ཆབ་མདོའི་ཉིང་ལག་དངུལ་ཁང་གིས་སྒྲིག་འཛུགས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་དང་མཉམ་འབྲེལ་སྒོ་ནས་བསྒྲུབ་པའི“ཏང་སེམས་ཀྱིས་བྱིས་བློ་དྲོས། གཅེས་སེམས་ཀྱིས་ཕུགས་འདུན་བསྐྲུན”ཞེས་པ་བརྗོད་དོན་གཙོ་བོའི་གཅེས་སྐྱོང་བྱེད་སྒོ་དེ་ཆབ་མདོ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭར་བསྐྱོད་དེ་ཕྲུ་གུ་ཚོར་དགུན་དུས་ཀྱི་ཐུགས་ཁུར་དང་ཞབས་ཞུ་དྲོན་མོ་བསྐྱལ་བ་དང་། དངོས་ཡོད་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགན་འཁྲི་དང་ལས་འགན་འཁུར་ཕོད་པ་ལག་ལེན་བསྟར་ཡོད།

བྱེད་སྒོའི་ཡུལ་དངོས་སུ་ལས་དོན་མི་སྣས་ཕྲུ་གུ་ཚོར་དགུན་དྲོ་ཁུག་མ་དང་། རྒྱུན་སྤྱོད་སྨན་རྫས། ཤོག་བུ་སོགས་རྒྱུན་སྤྱོད་ཀྱི་འཚོ་བའི་སྤྱོད་རྫས་སྤྲད་པ་རེད།