国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月31日

“ལོ་ལྔ་ཚན་བཅོ་ལྔ་པའི”ལམ་བུའི་ཐོག་ཆབ་མདོ་གསར་པའི་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས།

—རང་རེའི་གྲོང་ཁྱེར་གྱི་ལས་བྱེད་མང་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ།

གྲོལ་མ་ཐག་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དམིགས་ཚད་ལས་འགན་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ཡིས་ཁ་ཕྱོགས་གསལ་སྟོན་དང་མི་སེམས་སྐུལ་འདེད་བཏང་ཡོད། ཚང་འཛོམས་གྲོས་ཚོགས་གྲོལ་རྗེས། ཆབ་མདོ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་དུས་ཐོག་ཏུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཚ་རླབས་འཕྱུར་ཞིང་། ཚང་མས་མགྲིན་གཅིག་ཏུ་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གིས་མཛུབ་ཁྲིད་གནང་བའི་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་འབད་འབུངས་ལག་བསྟར་བྱེད་པ་དང་།“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོར་དམིགས་ཏེ། གཞུང་འཁྱོངས་གསར་འབྱེད་དང་། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་ངང་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་ཡོད།

ཚང་འཛོམས་གྲོས་ཚོགས་ཀྱིས་ནན་བཤད་བྱས་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ལ་སྐུལ་སློང་གང་ལེགས་བཅས་བྱེད་དགོས།