国内统一刊号:CN54-0015 昌都报社出版地址: 西藏昌都西路24号电话:0895-4823845传真: 0895-4822257






2025年10月28日

“དམར་མདངས་ཆབ་མདོ། བོད་ཤར་མུ་ཏིག”ཁྲུང་ཆིན་དུ་ངོམ་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས23ཉིན། ཆབ་མདོའི་རིག་གནས་ཡུལ་སྐོར་གདན་འདྲེན་ལྟར་ཁྲུང་ཆིན་གྲོང་ཁྱེར་ཅང་པེ་ཆུས་སུ་གཉེར་བའི“མཁར་གྲོང་བརྒྱ་ཡི་བློ་སེམས་གཅིག་ཏུ་མཐུན། ངོ་མཚར་སྟོང་གི་མཚར་སྡུག་ཁྲུང་ཆིན་མཇལ”ཞེས་པའི2025ལོའི་མཁར་གྲོང་བརྒྱ་ཡི་ཚོང་གཉེར་བྱེད་སྒོ་ནང་ཞུགས་ཡོད། ཁྲུང་ཆིན་དང་། ཧུ་ཧྥེ། དབྱིན་ཁྲོན། ཧྲའོ་ཤིན། ཆབ་མདོ། ཀོང་ཨན་བཅས་རིག་གནས་དང་ཡུལ་སྐོར་མིང་གྲགས་ཅན་གྱི་མཁར་གྲོང་མང་པོ་གར་སྟེགས་གཅིག་གི་ཐོག་ནས་སྤེལ་རེས་དང་། མཉམ་འགུལ་གཏིང་ཟབ། མཉམ་ལས་སྐུལ་སྤེལ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་པ་རེད།