འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ10པའི་ཚེས22ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲོང་ཅིན་སུང་གིས་ཧའེ་ཨར་ཚོགས་པ་ཐུང་ཧའེ་ནུས་རྒྱུ་ཀུང་ཟིའི་སྤྱི་ཁྱབ་ཅིང་ལི་ལིག་ཀྲི་ཁྲེན་དང་བཅས་པར་བཞུགས་མོལ་གནང་བ་རེད།
ཀྲོང་ཅིན་སུང་གིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ལིག་ཀྲི་ཁྲེན་དང་བཅས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད། ཁོང་གིས་མིག་སྔར་ཆབ་མདོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང་།“འཛུགས་གཏོད་བཞིར”ཤུགས་རྒྱག་པ།“ཐམས་ཅད་ཁ་ཤར་ཕྱོགས་སུ་གཏད་དེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དཔེ་སྟོན་གྲོང་ཁྱེར་ཞིག་བསྐྲུན་རྒྱུའི”ལས་དོན་དམིགས་ཚད་ལ་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་བཞིན་ཡོད།
ཧའེ་ཨར་ཚོགས་པ་ཐུང་ཧའེ་ནུས་རྒྱུ་ཀུང་ཟིས་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་ལག་རྩལ་སྔོན་ཐོན་ཡིན་ཞིང་ཉམས་མྱོང་ཆེ་བ་བཅས་ཡིན་པས། ཀུང་ཟི་ཡིས་སྔོན་མ་ནང་བཞིན་ཆབ་མདོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། སྔོན་ཐོན་གྱི་ལག་རྩལ་དགེ་མཚན་ལ་བརྟེན་ནས་ནུས་རྒྱུ་གཙང་མའི་རྣམ་གྲངས་འཛུགས་སྐྲུན་དང་། ཐོན་ལས་ཤེས་ལྡན་པ་མཉམ་འབྲེལ་གསོ་སྐྱོང་སོགས་ནང་ཧུར་ཐག་ངང་ཞུགས་ཏེ་ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་རྒྱུའི་རེ་བ་ཡོད་ཅེས་བསྟན།
ལིག་ཀྲི་ཁྲེན་གྱིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཆབ་མདོའི་ཁྱད་ལྡན་མངོན་གསལ་ཆེ་ཞིང་། ཁེ་ལས་ཆབ་མདོར་འཕེལ་རྒྱས་གཏོང་བར་ཡིད་ཆེས་ཆེན་པོ་ཡོད། ཀུང་ཟི་ཡིས་ཆབ་མདོ་དང་ཐབས་ཇུས་མཉམ་ལས་གཏིང་ཟབ་དང་། ཐོན་ལས་ཀྱི་རྣམ་པར་ཤུགས་སྣོན། རྣམ་གྲངས་དོན་འཁྱོལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་བསྐྲུན་པར་རོགས་རམ་བྱ་རྒྱུའི་བསམ་པ་བསྟན་ཡོད།

